ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་པུའུ་ལུའུ་སེ་ཨེར་ནས་གྲོལ་བ།

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-10

ཚོགས་ཡུན་ཉིན་གསུམ་ཡིན་པའི་ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཟླ11པའི་ཚེས9ཉིན་པུའུ་ལུའུ་སེ་ཨེར་ནས་གྲོལ། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་ཀྲུང་གོའི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་ཡོ་རོབ་གླིང་གི2020ལོའི་འཐབ་ཇུས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་བར་མཉམ་ལས་བྱེད་པའི་རིག་ལམ་གསར་བ་དང་བྱེད་ཐབས་གསར་བ་ཞེས་པ་དེ་ཡིན་ལ། ཚོགས་འདུ་ལ་ཞུགས་མཁན་ཚོས་དེ་ལ་ལྷག་བསམ་རྣམ་དག་གིས་བརྗེ་རེས་དང་བགྲོ་གླེང་ཞིབ་མོ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་། འཛམ་གླིང་གི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་ལྷན་དུ་ཁ་གཏད་འཇལ་བའི་ཐད་ལྟ་བ་གཅིག་མཐུན་བྱུང་། ཀྲུང་གོ་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་བང་ཅ་རོས་དང་། ཡོ་རོབ་གླིང་གྲོས་ཚོགས་ཀྲུང་གོ་འབྲེལ་བའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧིན་ལིས•ཝེ་པའོ། ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་ཏང་ཚོགས་ཀྱི་ཕྱི་དོན་འདུམ་སྒྲིག་པ་ཨེར་མ•པུའུ་ལུའུ་ཁི་བཅས་ཀྱིས་ཚོགས་འདུ་གྲོལ་བའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། བང་ཅ་རོས་ཀྱིས་བཤད་རྒྱུར། ཚོགས་ཐོག་ནས་ལྷག་བསམ་རྣམ་དག་དང་བརྩེ་བས་ཁེངས་པའི་སྣང་ཚུལ་ཁྲོད་དུ་ཀྲུང་གོ་དང་ཡོ་རོབ་གླིང་བར་མཉམ་ལས་བྱེད་པར་གྲུབ་འབྲས་ལྡན་པའི་གླེང་མོལ་བྱས་པ་དང་། བརྗེ་རེས་བྱས་པ་བརྒྱུད། ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་གིས་ད་ལྟའི་གནས་ཚུལ་འོག ཀྲུང་གོ་དང་ཡོ་རོབ་གླིང་བར་དངོས་གཉེར་མཉམ་ལས་བྱེད་རྒྱུ་ནི་དེ་བས་དགོས་གཏུག་ཆེ་ཞིང་། མདུན་ལམ་ཆེན་པོ་ཡོད་པ་སྔར་ལས་ཤེས་ལ། ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་གི་མཐོ་རིམ་གླེང་སྟེགས་ཀྱིས་ཕྱོགས་གཉིས་ཀྱི་སྲིད་ཏང་དང་ཆབ་སྲིད་པའི་བར་འབྲེལ་འདྲིས་དང་བརྗེ་རེས་བྱེད་པར་ཐུན་མོང་མ་ཡིན་པའི་སྟེགས་བུ་གལ་ཆེན་ཞིག་འདོད་སྤྲོད་བྱས་ཟེར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཡུན་ཧྲན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཏམ་བཤད། 
  • ལེ་ཚན་སྔོན་མ།:བོད་ཀྱི་གླུ་མ་གྲགས་ཅན་ལྷ་མོ་མཚོ་ཚེ་ལས་འདས།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཐད་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།