བོད་ཀྱིས་“ལོ་ལྔ་ཚན་བཅུ་གཉིས་པའི་”རིང་གི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭ་ལས་འགོ་བཙུགས་པ།

བདེ་སྐྱིད་ཀྱིས་བསྒྱུར།    ཀྲུང་གོའི་བོད་ལྗོངས་དྲ་བ།    2011-10-31

རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུང་པའོ་ཧྭ་ཡིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་བཟུང་བོད་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ཐད་ཚན་མཐོའི་མཐོང་ཆེན་བྱས་ནས་ལོ30ཙམ་རིང་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར14ཙམ་བཀོད་སྒྲིག་བྱས་ཏེ་བོད་ཀྱི་དུས་རབས་ཁག་གི་གལ་ཆེའི་ལོ་རྒྱུས་དང་གསར་བརྗེའི་རིག་དངོས་ཉམས་བཟོ་དང་སྲུང་སྐྱོབ་བྱས་ཏེ་རྩ་ཆེའི་ལོ་རྒྱུས་ཀྱི་རིག་དངོས་རྗེས་ཤུལ་འབོར་ཆེན་ཞིག་ནས་སླར་ཡང་འོད་སྟོང་འཕྲོ་ཐུབ་པ་བྱུང་ཡོད་བཤད་པ་རེད།
“རྩ་ཆེན་རིག་གནས་རྗེས་ཤུལ་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་དེ་ནི་མི་རིགས་ཀྱི་བརྩེ་སེམས་དང་འབྲེལ་གཏུག་བྱེད་པ་དང་མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བའི་རིག་གནས་ཀྱི་རྨང་གཞི་ཞིག་ཡིན་པ་དང་ཀྲུང་ཧྭ་ཡི་མི་རིགས་རིག་གནས་སྲུང་སྐྱོབ་བྱེད་པའི་སྣ་མང་རང་བཞིན་གྱི་བྱ་ཐབས་ནུས་ལྡན་ཞིག་ཡིན་པས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མ་དངུལ་གཏོང་བ་དང་།ལག་རྩལ་འགན་ལེན།ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱ་རྒྱུ་རེད”ཅེས་ཁོང་གིས་གསུང་པ་རེད།
བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་བཟང་པོས“ལོ་ལྔ་ཙན་བཅུ་གཉིས་པའི་”རིང་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭར་ཁྱོན་རིགས་ཆེ་གྲས3དང་རྣམ་གྲངས་ཆུང་གྲས44ཡོད་པའི་ནང་སྨིན་གྲོལ་གླིང་དགོན་པ་སོགས་རིག་དངོས་ཚན་པ་ཉམས་བཟོ་དང་སྲུང་སྐྱོབ་ལས་གྲྭ40དང་ས་ཁུལ་དང་གྲོང་ཁྱེར་གྱི་རྟེན་རྫས་བཤམས་མཛོད་ཁང3གསར་སྐྲུན་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཚོམས་ཆེན་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཁོང་གིས་མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ལ2011ལོའི་ལོ་འཁོར་གྱི་ལས་གགྲྭའི་མ་དངུལ་ཡིག་ཐོག་སྙན་ཞུ་ཕུལ་ནས་དུས་འགོའི་ལས་དོན་ཁག་སྤེལ་བཞིན་ཡོད་པ་དང་སྨིན་གྲོལ་གླིང་དང་།ཁྲ་འཁྱིལ་མ་ཚོམས་ཆེན།མཉེས་ཐང་སྒྲོལ་མ་ལྷ་ཁང་སོགས་སྲུང་སྐྱོབ་ལས་གྲྭ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱ་རྒྱུ་རེད་ཅེས་བཤད།
  • ལེ་ཚན་སྔོན་མ།:ནུབ་བྱང་མི་རིགས་སློབ་གླིང་དུ་རྩོམ་རིག་གི་བགྲོ་གླེང་སྤེལ།
  • ལེ་ཚན་རྗེས་མ།:ལྷ་གྲུ་བརྒྱད་པ་རྟགས་ཅན་གྱི་འཕུར་གྲུ་བར་སྣང་དུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།