ཨ་ཆེན་གངས་རྒྱབ་ནི་མཐོ་སྒང་གི“སྲོག་ཆགས་དགའ་ཚལ”དུ་གྱུར

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    ཞིན་ཧྭ་དྲ་བ།    2011-10-26

སྟོན་མཇུག་གི་སྐབས་སུ། ཁྱུ་དང་ཁྱུ་བྱས་པའི་རི་དྭགས་གཙོད་དང་རྐྱང་། དགོ་བ་སོགས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དག་གིས་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ས་ཁུལ་དུ་གཟན་འཚོལ་བ་དང་བདའ་རེས་བྱེད་པ་སོགས་ཅི་དགར་དུ་འཚོ་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྐོག་རྔོན་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་དུ་ལྐོག་རྔོན་བྱེད་མཁན་མེད་པར་གྱུར་པས་སྲོག་ཆགས་རྣམས་བློ་བདེ་བག་ཕེབས་ངང་འཚོ་བཞིན་ཡོད།
  • ལེ་ཚན་སྔོན་མ།:སྐབས་གསུམ་པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་མཐོ་རིམ་གླེང་སྟེགས་ཀླུ་ནང་གྲོང་རྡལ་དུ་འཚོགས་པ་རེད།
  • ལེ་ཚན་རྗེས་མ།:ལྷོ་ཁའི་མཛེས་མ་དག2011ལོའི་བོད་ལྗོངས་ཡུལ་སྐོར་མཚན་རྟགས་ཕོ་ཉའི་འདེམས་སྒུག་འགྲན་བསྡུར་དུ་ཞུགས
  • དོ་སྣང་ཆེ་བའི་རྩོམ།