«ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་གཏམ་བརྗོད»ཅེས་པའི་དཔེ་ཆ་སྐད་རིགས་མང་པོར་བསྒྱུར་ནས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-09-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཀྲུང་དབྱང་ཚད་ལྡན་ཡིག་རིགས་ཞིབ་འཇུག་ཁང་། ཀྲུང་གོ་ཕྱིའི་སྐད་ཡིག་ཅུའུ་བཅས་ཀྱིས་རྩོམ་སྒྲིག་བྱས་པའི«ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་གཏམ་བརྗོད»ཅེས་པའི་དཔེ་ཆ་དེ་ཉེ་ལམ་ཕྱིའི་སྐད་ཡིག་ཅུའུ་ཡིས་རྒྱ་ཡིག་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཨ་རབ། སི་ཕེན། ཕུའུ་ཐའོ་ཡ། འཇར་མན། འཇར་པན་བཅས་ཀྱི་སྐད་ཡིག་མང་པོར་བསྒྱུར་ནས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས།

«ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་གཏམ་བརྗོད»ཅེས་པའི་དཔེ་ཆ་སྐད་ཡིག་མང་པོར་བསྒྱུར་ནས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་པ་དེ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་དང་སྲིད་སྐྱོང་བྱེད་ཕྱོགས་་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་བགྲོད་ལམ། ཕྱི་ནང་གི་སྲིད་ཇུས་བཅས་ལ་ངོས་འཛིན་བྱེད་པ་དང་གོ་བ་ཟབ་མོ་ལེན་པར་དོན་སྙིང་གལ་ཆེན་ལྡན།  ། 

  • ལེ་ཚན་སྔོན་མ།:སྐབས་དགུ་བའི་ཀྲུང་གོ· ནུབ་རྒྱུད་ཁྲིམས་སྐྱོང་གླེང་སྟེགས་ཉེ་ལམ་ཟི་ལིང་ནས་བསྒྲུབས།
  • ལེ་ཚན་རྗེས་མ།:ལི་ཁི་ཆང་གིས་ཧ་སག་སི་ཐན་གྱི་རྒྱལ་སྲུང་པུའུ་ཀྲང་ཨ་ཧི་མེས་ཐོ་ཧྥུའུ་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།