ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་གིས་ཟླ9བའི་ཚེས22ཉིན་པེ་ཅིན་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཞབས་ཕྱི་ལས་རིགས་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གསུང་བཤད་གནང་། ཁོང་གིས་དཔལ་འབྱོར་གྲུབ་ཚུལ་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་པ་ནི་དཔལ་འབྱོར་འཕར་སྟངས་མྱུར་དུ་བསྒྱུར་བའི་སྒྲུབ་སྟངས་གཙོ་བོ་ཡིན་ལ། ཞབས་ཕྱི་ལས་རིགས་གོང་འཕེལ་དུ་གཏོང་རྒྱུ་ནི་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་བརྒལ་གཏོར་བྱེད་ས་གཙོ་བོ་ཡིན་པས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་བརྗོད་བྱ་གཙོ་བོའི་རེ་བ་ལྟར། ཞབས་ཕྱི་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གསར་གཏོད་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་ཡར་སྐུལ་གཏོང་དགོས་ཞེས་ནན་གྱིས་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པས་ཞབས་ཕྱི་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་སྒྲིག་བཟོ་གནས་ཚུལ་ཡར་ཞུ་བྱས་པ་དང་། ཆེད་ལས་མཁས་པའི་འཐུས་མི་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པས་གཏམ་བཤད། །