མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ

    མཚོ་སྔོན་གསར་འགྱུར་དྲ་བ།    2011-09-23

ཚེས་ཉེར་གཅིག་ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐོ་ཡི་བདུན་གཅིག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཉིས་སྟོང་དྲུག་ལོའི་ཚུན་གྱི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་གནས་ཚུལ་སྤྱི་བསྡོམས་བྱས་པ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ལས་འགན་བཀོད་སྒྲིག་བྱས་ནས། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་སྐུལ་སློང་བྱས་ནས་འགན་འཁྲི་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་བཞིའི་སྟོབས་ཤུགས་དང་། བློ་འདོན་ཇུས་འབུལ་ལ་དམིགས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འབུལ་རྒྱུ་དེ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལོ་ཧོས་ཉིན་གཉིས་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རིན་ཆེན་རྒྱལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཕིན་ཞིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྡོ་རྗེ་རབ་བརྟན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཆི་ཡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་བང་ཞོ་ཆིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོ་སོ་གྲོས་ཚོགས་སུ་ཞུགས།

ཆང་བེ་ཡིས་གཏམ་བཤད་སྐབས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཐད་ལ་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

ཆང་བེ་ཡིས་ནན་གྱིས་བསྟན་དོན། དེང་སྐབས་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཏུ་བསླེབས་ཡོད། གནས་བབ་གསར་བའི་འོག་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་རྒྱུ་དེ་ནི་ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་བའི་ནུས་པ་ཇེ་མཐོར་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། འཕེལ་རྒྱས་བཞི་ཡར་སྐུལ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡང་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱིས་གནས་བབ་གསར་བའི་འོག་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་ལ་གང་ལེགས་ཀྱིས་ངོས་ཟིན་བྱས་ནས། རྒྱུན་ཆད་མེད་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལོ་ཧོས་ཉིན་གྱིས་སྲིད་གཞུང་ཁོངས་གཏོགས་ཀྱིས་མཚོ་སྔོན་ཞིང་ཆེནཏང་ཨུའི་བཀོད་སྒྲིག་ལག་བསྟར་བྱས་ནས། སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་ཐད་ལ་རེ་བ་ལྔ་བཏོན། གཅིག་ནས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་སྲིད་འཛིན་ཇུས་ཆོད་ཀྱི་གོ་རིམ་ནང་དུ་འཇོག་པར་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་རང་འགུལ་གྱིས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་ཞིབ་ལྟ་སྐུལ་བྱ་བ་དང་ལེན་བྱེད་དགོས། གསུམ་ནས་ཤུགས་ཆེན་པོས་མི་དམངས་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གྲོས་བྱ་བར་རྒྱབ་སྐྱོར་བྱེད་དགོས། བཞི་ནས་ནན་ཏན་གྱིས་སྲིད་གྲོས་ཀྱི་གྲོས་འདོན་གཞུང་སྒྲུབ་བྱ་བ་བཟང་བོར་བསྒྲུབ་དགོས། ལྔ་ནས་ཧུར་ཐག་གིས་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་ཆ་རྐྱེན་ཅུང་བཟང་བོ་ཞིག་སྐྲུན་དགོས་ཟེར།

  • ལེ་ཚན་སྔོན་མ།:ཅ་ཆིན་ལིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་ལའོ་ཝུན་ཉིའི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁ
  • ལེ་ཚན་རྗེས་མ།:གེ་སར་སྒྲུང་གི་དམངས་ཁྲོད་སྒྱུ་རྩལ་པའི་འཁྲབ་ལེན་འགྲན་བསྡུར་མཚོ་སྔོན་པོའི་འགྲམ་དུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།