བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-10-14
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་གསུང་བཤད་གནང་བཞིན་པ།
《གཡང་མདའ》ཞེས་པའི་གློག་བརྙན་གཅན་ཚ་རུ་ཕབ་འགོ་ཚུགས་པ།
《གཡང་མདའ》ཞེས་པའི་གློག་བརྙན་འདིའི་ནང་གཅན་ཚའི་ཡུལ་གྱི་བོད་ཀྱི་གནའ་དེང་གི་རིག་གནས་དེ་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་གཅིག་ཏུ་འདྲེས་ཏེ་མཚར་སྡུག་འཕྲོ་བའི་རིག་གནས་ཤིག་གྲུབ་པ་དེ་བརྗོད་བྱར་བྱས་ནས། གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་དང་འབྲེལ་ཏེ་གཏམ་རྒྱུད་བརྗོད་ཐོག གློག་བརྙན་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཟུང་དུ་སྦྲེལ་ནས་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དེ་སྔར་ལས་ཤན་སྟོབས་རྒྱས་ཤིང་མཚོན་རྟགས་ཀྱི་རིན་ཐང་སྔར་ལས་མངོན་པར་ཐོན་པར་བརྒྱུད། སྲོལ་རྒྱུན་གྱི་མི་རིགས་རིག་གནས་དེ་སྲུང་སྐྱོབ་དང་དར་སྤེལ་དུ་གཏོང་ཐུབ་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10