མཚོ་སྔོན་རྒྱལ་སྤྱིའི་ཐང་ཀའི་སྒྱུ་རྩལ་དང་ཤུལ་བཞག་རིག་གནས་འགྲེམ་སྟོན་ཚོགས་འདུ་སྐབས་བཞི་བ་ཟླ8པར་སྤེལ་རྒྱུ་རེད།

རྡོ་རྗེ་བསམ་འགྲུབ    ཞིན་ཧྭ་དྲ་བ།    2011-08-12

གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་རྒྱལ་སྤྱིའི་ཐང་ཀའི་སྒྱུ་རྩལ་དང་ཤུལ་བཞག་རིག་གནས་འགྲེམ་སྟོན་ཚོགས་འདུ་སྐབས་བཞི་བ་དེ་ཟླ8པའི་ཚེས19ཉིན་གྱི་སྔ་དྲོར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་མཁར་ལྷོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འགོ་རྩོམ་རྒྱུ་རེད།

ཐང་ཀ་འགྲེམ་སྟོན་ཚོགས་འདུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་རྩ་ཆེའི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པ་དང་། མི་རིགས་རིག་གནས་ཆས་རྟགས་གསར་འཛུགས་བྱས་ཏེ་རིག་གནས་མགྱོགས་མྱུར་དང་ཐོལ་བརྒལ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པའི་ཆེད་དུ་སྤེལ་བའི་རིག་གནས་བྱ་འགུལ་ཆེན་མོ་ཞིག་ཡིན། ཐེངས་འདིའི་ཐང་ཀ་འགྲེམ་སྟོན་ཚོགས་འདུའི་བརྗོད་དོན་ནི“མི་རིགས་རིག་གནས་དར་སྤེལ་དང་ཐོན་ལས་ཆུ་ཚད་མཐོར་འདེགས། འཕེལ་རྒྱས་གྲུབ་འབྲས་ལ་མཉམ་རོལ”བྱེད་རྒྱུ་དེ་ཡིན་ལ། ཚོགས་འདུའི་སྐབས་སུ་འགྲེམ་སྟོན་བྱ་འགུལ་དང་ཐང་ཀ་རི་མོའི་ནུས་རྩལ་འགྲན་བསྡུར་དང་གླེང་སྟེགས། རིག་རྩལ་འཁྲབ་སྟོན། རིག་གནས་ཐོན་ལས་ལས་གཞི་འོས་སྦྱོར་དང་གན་རྒྱ་འཇོག་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚར་རྡོ་འགྲེམ་སྟོན། མཚོ་སྔོན་བོད་རུམ་ཇུས་འགོད་སླས་འཐག་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ཡུལ་དངོས་ཉམས་མྱོང་བརྗེ་རེས་ཚོགས་འདུ། “ཀྲུང་གོའི་ཐང་ཀ་སྒྱུ་རྩལ་གྱི་ཕ་ཡུལ”མིང་འདོགས་བྱ་འགུལ་སོགས་བྱ་འགུལ་སྣ11ལྷག་སྤེལ་རྒྱུ་རེད། ཐེངས་འདིའི་ཐང་ཀ་འགྲེམ་སྟོན་ཚོགས་འདུ་དེ་ཟླ8པའི་ཚེས22ཉིན་མཇུག་བསྡུ་རྒྱུ་རེད།  །

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་འབྲེལ་ཡོད་འཆར་གཞི་ལག་བསྟར་བྱས་ནས་བོད་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་
  • ལེ་ཚན་རྗེས་མ།:མཚོ་བུ་དགའ་བདེ་ལགས་ཉིས་སྟོང་བཅུ་གཅིག་ལོའི་ཀྲུང་གོའི་ན་གཞོན་སྙན་ངག་པ་རྩེ་གྲས་བཅུའི་གྲས་སུ་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།