བོད་ལྗོངས་རླུང་འཕྲིན་དྲ་བ། 2011-08-10
སྤྱི་ཟླ8པའི་ཚེས5ཉིན་མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་བྱ་དགའ་སྤྲོད་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས། ས་ཁུལ་དེ་ཡོངས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཞུགས་མཁན་རྫོང་ཁག་གི་ཕུལ་བྱུང་རིག་རྩལ་ལེ་ཚན་ལ་གཟེངས་བསྟོད་བྱས་པ་དེའི་ཐོག་ནས། དུས་ཡུན་ཉིན3གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་བདེ་བླགས་ངང་མཇུག་སྒྲིལ་བ་་མཚོན་གྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྫོང7གྱི་རིག་རྩལ་བསྐོང་འཁྲབ་ནི་སྐབས་འདིའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ངོ་མཚར་ཆེ་ཤོས་ཤིག་ཡིན་པ་དང་། རྫོང7གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རིག་རྩལ་ལས་དོན་པ་དང་ཞིང་འབྲོག་མང་ཚོགས220ལྷག་གིས་ལེ་ཚན150ལྷག་འཁྲབ་སྦྱོང་བྱས་ནས། རིག་རྩལ་བསྐོང་འཁྲབ་ནང་ཞུགས་པ་དང་དེའི་ནང་སྔ་མོའི་ཞབས་བྲོ་དང་གླུ་གར། དམངས་གཞས། འཁྲབ་ཚན་ཐུང་ངུ་བཅས་ཡོད་པས་མངའ་རིས་ཀྱི་ད་ཆོས་ཟབ་མོ་ལྡན་པའི་རིག་གནས་དང་དམངས་སྲོལ་གོམ་གཤིས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན་རིག་གནས་ཡུལ་སྐོར་དུས་ཆེན་རིང་རིག་རྩལ་འཁྲབ་སྟོན་ཐེངས100བྱས་པ་དང་གཟིགས་མོ་བ་མི་ཐེངས་ཁྲི3ལྷག་ཟིན་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10