བོད་ལྗོངས་ཀྱིས་རོང་འབྲོག་པའི་བདེ་སྡོད་བཟོ་འགོད་ལག་བསྟར་བྱས་ཏེ་དམངས་ལ་ཁེ་ཕན་བསྐྲུན་པ།

ཚེ་རིང་རྒྱ་མཚོས་བསྒྱུར    ཀྲུང་གོའོ་བོད་ལྗོངས་དྲ་བ།    2011-07-08

བོད་ལྗོངས་ཀྱིས་རོང་འབྲོག་པའི་བདེ་སྡོད་བཟོ་འགོད་ལག་བསྟར་བྱས་ཏེ་དམངས་ལ་ཁེ་ཕན་བསྐྲུན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱུས་ལོན་པ་ལྟར་ན། 2006ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་སུ་གཞི་རྒྱ་ཆེན་པོའི་ངང་རོང་འབྲོག་པའི་སྡོད་ཁང་གསར་བ་དང་སླར་གསོ་བཟོ་འགོད་དེ་བདེ་སྡོད་བཟོ་འགོད་ལག་བསྟར་བྱས།  བོད་ལྗོངས་ཀྱི་བདེ་སྡོད་བཟོ་འགོད་དེ་ཚན་རིག་གི་འཆར་འགོད་བྱེད་པ་དང་རོང་འབྲོག་པའི་འདོད་བློ་དང་བསྟུན་ཅི་ཐད་བྱེད་པ། མི་རིགས་རིག་གནས་དང་ཟུང་འབྲེལ་བྱེད་པའི་རྩ་དོན་བརྩི་སྲུང་བྱས་ཏེ།  རོང་འབྲོག་པ་མང་ཚོགས་རྣམས་ཡངས་ཤིང་རྒྱ་ཆེ་བའི་བོད་ལུགས་ཀྱི་སྡོད་ཁང་གསར་བ་ནང་སྡོད་ཐུབ་པར་མངོན་འགྱུར་བྱུང་བ་མ་ཟད།  ཆུ་དང་གློག  རྒྱང་བསྒྲགས།  ཁ་པར་དང་འཕྲོད་བསྟེན་སོགས་སྒྲིག་ཆས་ཀྱང་ཉམས་སུ་མྱོང་ཐུབ་པ་རེད།  ད་ལྟའི་བར་དུ་བདེ་སྡོད་བཟོ་འགོད་ལྗོངས་ཡོངས་ཀྱི་དུད་ཁྱིམ་ཁྲི27.48དང་།  རོང་འབྲོག་པ་མང་ཚོགས་ཁྲི140ལ་ཟིན་ཡོད།   །  
 

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཨན་ཧོས་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་སོགས་ཀྲུང་དབྱང་འཐུས་ཚབ་ཚོགས་པས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བའི་གྲུབ་འབྲས་འགྲེམ་
  • དོ་སྣང་ཆེ་བའི་རྩོམ།