མཚོ་སྔོན་ཞིང་ཆེན་གྱི་སྒེར་གཉེར་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

ཞའོ་ཡན།        2012-10-09

ད་ལོར། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོང་ཅུའུ་ཡི་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་བསམ་འཆར་དང་། རིག་གནས་ཐོན་ལས་ཚོང་ར་གཙོ་བོའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་སོགས་སྔ་གཞུག་ཏུ་གཏན་ལ་ཕབ་སྟེ། ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་། ཚོང་ར་གཙོ་བོའི་འཕེལ་རྒྱས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་སྟེ། དམངས་ཁྲོད་ཀྱི་དངུལ་གཏོང་སྟོབས་ཤུགས་དང་སྒེར་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་སྟོབས་ཤུགས་ནུས་ཡོད་སྒོས་ཇེ་ཆེར་བཏང་། 2012ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་གྱི་སྒེར་གཉེར་ཁེ་ལས་ཁྲི་གཉིས་ལྷག་ལ་བསླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་གསུམ་འཕར་ཞིང་། ཐོ་འགོད་བྱས་པའི་མ་རྩ་སྒོར་ཐེར་ཆེན་བདུན་ཐེར་འབུམ་བདུན་དུང་ཕྱུར་དགུ་དང་བྱེ་བ་དྲུག་ལ་བསླེབས་ཏེ། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་རེ་གསུམ་དང་གྲངས་ཆུང་དགུ་འཕར། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གསུམ་སྟོང་གཉིས་ལ་བསླེབས་པས། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་དྲུག་དང་གྲངས་ཆུང་བཞི་ལྔ་འཕར་བ་དང་། ཐོ་འགོད་བྱས་པའི་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་ལྷག་ལ་བསླེབས་ཏེ། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་གཉིས་བདུན་འཕར། ད་ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་གྱི་སྒེར་གཉེར་ཁེ་ལས་ཀྱི་ཉོ་ཚོང་ཡོང་སྒོ་སྒོར་ཐེར་ཆེན་གསུམ་དང་དུང་ཕྱུར་བཞི་ལྷག་ལ་བསླེབས་པ་དང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ཉོ་ཚོང་ཡོང་སྒོ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་བདུན་དུང་ཕྱུར་གཉིས་ལྷག་ལ་བསླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་ཐོན་རིན་སྒོར་ཐེར་ཆེན་གཉིས་ཐེར་འབུམ་ལྔ་དང་དུང་ཕྱུར་དགུ་ལྷག་ལ་བསླེབས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་ཐོན་རིན་གྱི་བརྒྱ་ཆའི་སོ་གཉིས་ལྷག་ཟིན་ཡོད།

  • ལེ་ཚན་སྔོན་མ།:ཨ་རིའི་ཡུན་ཏེ་ཨན་ནཱ་སློབ་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་འགྲེམ་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:ཀན་སུའུ་ཞིང་ཆེན་མི་རིགས་སྐད་ཡིག་སྒྱུར་སྐྲུན་ལས་རིགས་ཀྱི་དྲ་བ་སྟེ་ཀན་སུའུ་སྒྱུར་སྐྲུན་དྲ་བ་སྒོ་ཕྱེ་བ།
  • དོ་སྣང་ཆེ་བའི་རྩོམ།