ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-10-09
ཀན་སུའུ་ཞིང་ཆེན་མི་རིགས་སྐད་ཡིག་སྒྱུར་སྐྲུན་ལས་རིགས་ཀྱི་དྲ་བ་སྟེ་ཀན་སུའུ་སྒྱུར་སྐྲུན་དྲ་བ་སྒོ་ཕྱེ་བ།
ཉེ་ལམ། ཀན་སུའུ་ཀན་སུའུ་ཞིང་ཆེན་མི་རིགས་སྐད་ཡིག་སྒྱུར་སྐྲུན་ལས་རིགས་ཀྱི་དྲ་བ་དངོས་སུ་སྒོ་ཕྱེ་ཞིང་། འདི་ནི་ཀན་སུའུ་ཞིང་ཆེན་མི་རིགས་སྐད་ཡིག་སྒྱུར་སྐྲུན་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བ་ཡིན་ལ། དམིགས་ཡུལ་གཙོ་བོ་ནི་མི་རིགས་སྐད་ཡིག་སྒྱུར་སྐྲུན་གྱི་སྤྱི་ཕན་རང་བཞིན་མཚོན་པར་བྱས་ཏེ་མི་རིགས་སྐད་ཡིག་སྒྱུར་སྐྲུན་གྱི་གྲུབ་འབྲས་སྔར་ལས་ཇེ་ལེགས་དང་སྔར་ལས་སྟབས་བདེའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་ཡིན།
དྲ་བ་འདིར་སྤྱི་ཁོག་མཚམས་སྦྱོར་དང་། ལས་ཤག་སྒྲིག་འགོད། ཀན་སུའུ་སྒྱུར་སྐྲུན། སྒྱུར་སྐྲུན་སྐབས་དོན། སྒྱུར་སྐྲུན་ལེ་ཚན། ལས་སྒྲུབ་པའི་འགུལ་རྣམ། མི་རིགས་རིག་གནས་སོགས་ཀྱི་ཚན་པ་འདུས། དེ་ཡང་གསར་འགྱུར་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་ཇུས་འགོད་མཛེས་སྡུག་ལྡན་པས་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ངོམ་ཡོད།
དྲ་བ་འདི་སྒོ་ཕྱེ་བ་ལས་ཀན་སུའུ་ཞིང་ཆེན་གྱི་སྒྱུར་སྐྲུན་ལས་དོན་དང་སྒྱུར་སྐྲུན་གྲུབ་འབྲས་ཁྱབ་སྤེལ་བྱེད་པར་ཕྱོགས་བསྡུས་ཀྱི་ཆ་འཕྲིན་སྟེགས་བུ་སྐྲུན་ངེས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10