དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་དགོང་ཚོགས་ཉི་འོད་དྲོན་མོའི་འོག་ཏུ་ཞེས་པ་པེ་ཅིན་ནས་བསྡུས

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-06-03

དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་དགོང་ཚོགས་ཉི་འོད་དྲོན་མོའི་འོག་ཏུ་ཞེས་པ་པེ་ཅིན་ནས་བསྡུས
 

ཟླ༥བའི་ཚེས༣༡ཉིན་གྱི་དགོང་མོར། ཉིས་སྟོང་བཅུ་གཅིག་ལོའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་དགོང་ཚོགས་ཉི་འོད་དྲོན་མོའི་འོག་ཏུ་ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲུན་གྱིས་བྱིས་པ་ཚོ་དང་མཉམ་དུ་དགོང་ཚོགས་ལ་གཟིགས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོ་འཚོ་བ་སྐྱིད་ཅིང་བདེ་ཐང་ངང་འཚར་ལོངས་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་འབྱུང་བའི་སྨོན་འདུན་ཞུས། འདི་ནི་འཁྲབ་སྟོན་མཇུག་རྫོགས་རྗེས། ལིས་ཁྲང་ཁྲུན་སོགས་ཀྱིས་འཁྲབ་སྟོན་པ་རྣམས་དང་མཉམ་དུ་བསྐྱོན་པའི་པར་རེད།

  ཉིས་སྟོང་བཅུ་གཅིག་ལོའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་དགོང་ཚོགས་ཉི་འོད་དྲོན་མོའི་འོག་ཏུ་ཞེས་པ་དེ་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲུན་གྱིས་བྱིས་པ་ཚོ་དང་མཉམ་དུ་དགོང་ཚོགས་ལ་གཟིགས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོ་འཚོ་བ་སྐྱིད་ཅིང་བདེ་ཐང་ངང་འཚར་ལོངས། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་འབྱུང་བའི་སྨོན་འདུན་ཞུས།
 དགོང་ཚོགས་དེ་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། གུང་གཞོན་ཚོགས་པ་ཀྲུང་དབྱང་། སློབ་གསོ་པུའུ། རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། ཀྲུང་གོ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་ལས་ཁུངས་ཀྱིས་མཉམ་དུ་བསྡུས་པ་དང་། དགོང་ཚོགས་དེས་ཉི་འོད་དྲོན་མོའི་འོག་ཏུ་འཆམ་མཐུན་དང་བདེ་སྐྱིད་ངང་འཚར་ལོངས་བྱུང་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ཡོད་ལ། ངའི་གུས་པ་དང་ངའི་དགའ་སྤྲོ། ངའི་བདེ་སྐྱིད། ངའི་འཚར་ལོངས་བཅས་ཚན་པ་བཞི་རུ་བགོས་ཏེ། གླུ་གར་དང་གཏམ་རྒྱུད་འཁྲབ་སྟོན། བརྗོད་བྱའི་གཏམ་རྒྱུད། སྒྱུ་འཕྲུལ་སོགས་རྣམ་པ་མང་པོར་བརྟེན་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ན་ཆུང་བྱིས་པར་སེམས་ཁུར་གཅེས་སྐྱོང་བྱེད་པ་མཚོན་ཡོད་པ་དང་། དེང་རབས་ཀྲུང་གོའི་ན་ཆུང་བྱིས་པ་བདེ་སྐྱིད་དང་བདེ་བླག་གིས་འཚར་ལོངས་འབྱུང་བའི་དགའ་འོས་པའི་སྣང་ཚུལ་མཚོན་ཡོད།


 

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མས་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ
  • ལེ་ཚན་རྗེས་མ།:༼སྐར་མ་འོད་ཆེན༽འདོན་ཐེངས་བཅུ་དྲུག་པའི་འགྲེམ་སྤེལ་ཚོགས་འདུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།