ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་སྟོད་དུ་མ་དངུལ་སྒོར་དུང་ཕྱུར2198.20བཏང་སྟེ་འགན་ལེན་རང་བཞིན་གྱི་བདེ་སྡོད་ཨར་ལས་སྐྲུན་པར་རོགས་སྐྱོར་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2014-09-10

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་དོན།2014ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་ནོར་སྲིད་སྡེ་ཁག་གིས་ཧུར་ཐག་གིས་མ་དངུལ་གསོག་འཇོག་བྱེད་ཐབས་རྒྱ་སྐྱེད་དུ་བཏང་སྟེ་རྒྱུད་ཆད་མེད་པར་ནོར་སྲིད་མ་དངུལ་གྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ཨར་ལས་སྐྲུན་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ཟླ་བ6པའི་ཟླ་མཇུག་བར་དུ་སླེབས་དུས།    ཀྲུང་དབྱང་ནོར་སྲིད་ཀྱིས2014ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ཨར་ལས་སྐྲུན་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར2198.20བཏང་ཡོད་པ་རེད།གོང་སྨོས་ཀྱི་ཁ་གསབ་མ་དངུལ་འདི་དག་ལ་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ཨར་ལས་བསྐྲུན་པར་སྤྲད་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1968.20དང་ཞིང་སྡེའི་འགན་ལེན་རང་བཞིན་གྱི་བདེ་སྡོད་ཨར་ལས་སྐྲུན་པར་སྤྲད་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར230གཏོགས་ཡོད་པ་རེད། 
ནོར་སྲིད་པུའུ་ཕྱོགས་བསྡུས་ཧྲིས་ངོ་སྤྲོད་བྱས་པར་གཞིགས་ན།ལོ་སྟོད་དུ་རྒྱལ་ཡོངས་ནོར་སྲིད་ཀྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ཨར་ལས་སྐྲུན་པར་དངོས་སུ་བཏང་བའི་མ་དངུལ་སྒོར་དུང་ཕྱུར1521.03ལ་བསླེབས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ36.6འཕར་སྣོན་བྱུང་།རྣམ་གྲངས་བགོས་ཏེ་བལྟས་ན།རྒྱལ་ཡོངས་ནོར་སྲིད་ཀྱིས་ཁང་གླ་ཁེ་བའི་སྡོད་ཁང་སྐྲུན་པར་མ་དངུལ་སྒོར་དུང་ཕྱུར257.01བཏང་སྟེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ19.8མར་ཆག་ཡོད།སྤྱིལ་ཁང་ལེགས་བཅོས་བྱེད་པར་མ་དངུལ་སྒོར་དུང་ཕྱུར419.61བཏང་སྟེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ148.1འཕར་སྣོན་བྱུང་།འབྲོག་པའི་བདེ་སྡོད་ཨར་ལས་སྐྲུན་པར་མ་དངུལ་སྒོར་དུང་ཕྱུར5.45བཏང་སྟེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ159.5འཕར་སྣོན་བྱུང་།ཞིང་སྡེའི་ཉེན་ཁ་ལྡན་པའི་སྡོད་ཁང་ལེགས་བཅོས་བྱེད་པར་མ་དངུལ་སྒོར་དུང་ཕྱུར123.76བཏང་སྟེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ12.9མར་ཆག་ཡོད།སྒྲིག་སྦྱོར་གྱི་རྨང་གཞི་སྒྲིག་ཆས་སོགས་ལ་མ་དངུལ་སྒོར་དུང་ཕྱུར330.84བཏང་སྟེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ126.5འཕར་སྣོན་བྱུང་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཁྱིམ་ཚང་དབུལ་པོའི་སློབ་མའི་སློབ་གྲྭ་ཆེན་མོའི་ཕུགས་འདུན་གྲུབ།
  • ལེ་ཚན་རྗེས་མ།:བོད་ཀྱི་གྲོང་ཚོ་གཉིས་ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་ཚོའི་མིང་ཐོའི་ནང་བཅུག་པ།
  • དོ་སྣང་ཆེ་བའི་རྩོམ།