ངོམ་ཚེ་མགོན་གྱིས་ལོ་ཙཱ་གནང་བའི《བྱམས་བརྩེ་དང་སློབ་གསོ》པར་དུ་བསྐྲུན།
མཚོ་སྔོན་པོ་དྲ་བ། 2014-09-10
ཉེ་ལམ། ངོམ་ཚེ་མགོན་གྱིས་ལོ་ཙཱ་གནང་བའི《བྱམས་བརྩེ་དང་སློབ་གསོ》ཞེས་པའི་དཔེ་དེབ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་ས་གནས་ཁག་ཏུ་འགྲེམ་སྤེལ་བྱེད་ཀྱི་ཡོད་ཅིང་། དཔེ་དེབ་དེ་ནི་སེང་ག་ཕོའོ་དང་། ཉི་ཧོང་། ཧོང་ཁུང་། དེ་བཞིན་ནུབ་ཕྱོགས་སྔོན་ཐོན་རྒྱལ་ཁབ་ཁག་གི་ཕ་མས་བྱིས་པར་སློབ་གསོ་ཇི་ལྟར་གཏོང་བའི་ཉམས་མྱོང་ཕྱོགས་བསྡོམས་མཛད་པ་དང་། ལེགས་ཆ་བླངས་ཏེ་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་སྦྲགས་ཏེ་རྒྱ་ཆེའི་ཀློག་པ་པོར་ངོ་སྤྲོད་བྱས་ཡོད་པས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་། སློབ་མའི་ཁྱིམ་བདག དགེ་རྒན། དེ་བཞིན་སྤྱིར་བཏང་གི་མང་ཚོགས་བཅས་ཀྱིས་དཔེ་གཟིགས་གནང་བ་དང་། བལྟ་ཀློག་བྱེད་ན་དངོས་སྤྱོད་ཀྱི་རིན་ཐང་ལྡན་པ་མ་ཟད། སྔོན་ཐོན་རྒྱལ་ཁབ་དང་མི་རིགས་དག་གི་ཕྲུ་གུར་སློབ་གསོ་གཏོང་ཕྱོགས་སྐོར་གྱི་ཤེས་བྱ་གང་མང་ཞིག་ཤེས་རྟོགས་བྱེད་ཐུབ་པས། ད་ལན་དཔེ་དེབ་འདི་རྣམ་པ་ཚོར་ཆེད་མངགས་མཚམས་སྦྱོར་ཞུས་པ་ལགས་ན། དེ་དག་ལས་ལྷན་རྒྱས་ལ་བློ་སྐྱེད་གང་འཚམ་རེ་ཐོབ་སྟེ་རང་རེའི་སློབ་གསོ་བྱེད་སྟངས་འགའ་རེའི་ཐད་ལ་བཟང་འགྱུར་ཕྲན་བུ་ཡོང་བའི་ཡིད་སྨོན་དང་སེམས་བསྐྱེད་བཅས་ཕུལ་ལོ།།