ལིས་ཁི་ཆང་གིས་ཅི་ལིན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-04-11
ཟླ་བརྒྱད་པའི་ཚེས་དགུའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་སྔ་གཞུག་ཏུ་ཅི་ལིན་ཞིང་ཆེན་གྱི་ཅི་ལིན་གྲོང་ཁྱེར་དང་། ཁྲང་ཁྲུན་གྲོང་ཁྱེར་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ད་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་པར་དམིགས་པ་དང་། ཁྱབ་ཁོངས་གཙོ་བོ་གནད་སར་འཛིན་པ་དང་། ཉམས་ཞན་གྱི་བརྒྱུད་རིམ་ལ་ཤུགས་སྣོན་པ། མཁོ་འདོན་བྱེད་ཚད་ཇེ་མང་དུ་གཏོང་བར་འབད་བརྩོན་དང་། དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པ་སྲུང་འཛིན་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་ཀྱི་མགོ་བཟང་བོར་རྩོམ་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་བྱེད་སྐབས། ལིས་ཁི་ཆང་གིས་ཉེ་བའི་ལོ་འགའི་ནང་ཅི་ལིན་ཞིང་ཆེན་གྱི་འཕེལ་རྒྱས་ཐད་ནས་བླངས་བའི་གྲུབ་འབྲས་ཁས་ལེན་གང་ལེགས་མཛད་པ་དང་། ཅི་ལིན་ཞིང་ཆེན་གྱིས་དཔལ་འབྱོར་ས་ཁུལ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་གཞི་འགོད་པ་དང་། བཟོ་ལས་ཅན་དང་མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་དུ་བསྒྱུར་བར་མཐུན་སྦྱོར་བྱས་ཏེ། བཟོ་ལས་རྟེན་གཞི་རྙིང་བ་སྒོ་ཀུན་ནས་དར་སྤེལ་གཏོང་བར་འབད་བརྩོན་བྱེད་པ་དང་། མཁར་གྲོང་སྡོད་དམངས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས་པའི་ཐུགས་རེ་བཏོན།