གངས་ལྗོངས་རྡོར་ལུགས་ཐང་ག་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་གནང་བཞིན་ཡོད།

ཨོ་རྒྱན་དང་བདེ་ཆེན།        2014-09-09

གངས་ལྗོངས་རྡོར་ལུགས་ཐང་ག་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་གནང་བཞིན་ཡོད།

བོད་ལྗོངས་ལྷ་མོ་བླ་མཚོ་ཐང་ག་སྒྱུ་རྩལ་གླིང་གི་གླིང་གཙོ་སྐུ་ཞབས་རྡོ་རྗེ་དོན་གྲུབ་དང་།མཛེས་རྩལ་བཟོ་རྩལ་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་བསྟན་དགའ་རྣམ་གཉིས་ཀྱི་བློ་དང་རིག་པའི་དཔལ།ཐུགས་བསྐྱེད་དང་ལྷག་བསམ་གྱི་མཐུ་ལས་འཁྲུངས་བའི་གངས་ལྗོངས་རྡོར་ལུགས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་དག་ཟླ་འདིའི་ཚེས༥ཉིན་ནས་ཚེས༡༥བར་ཏེ་ཁྱོན་ཉིན་བཅུ་ཡི་རིང་ལ་པེ་ཅིང་གི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་དངོས་སུ་འགྲེམ་སྟོན་གནང་བཞིན་ཡོད་པ་རེད།        གངས་ལྗོངས་རྡོར་ལུགས་ཐང་ག་ནི་བོད་ཀྱི་སྲོལ་རྒྱུན་བྲིས་རྒྱུན་དག་གི་ལེགས་ཆ་ཀུན་འཛོམས་དང་། ཆོས་སྲིད་དང་དམངས་སྲོལ་སོགས་ཀྱི་བརྗོད་བྱ་ཀུན་འདུས་ཀྱི་ཉེ་རབས་བོད་ལ་ཡོད་པའི་ཐང་གའི་བྲིས་རྒྱུན་དག་ལས་ཆེས་ཕུན་སུམ་ཚོགས་པའི་བྲིས་རྒྱུན་གྲགས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།    ཐང་ག་འགྲེམ་སྟོན་གྱི་བྱེད་སྒོ་འདི་སྤེལ་བ་ནས་རྒྱལ་ཕྱི་ནང་གི་སྨྱན་བྱད་ཀྱི་གསར་ལམ་ཁག་ཉིས་བརྒྱ་ལྷག་གིས་ཡུལ་དངོས་གྱི་འགྲེམ་བརྡ་དང་ཐད་གཏོང་གནང་བས།   རྒྱལ་ཕྱི་ནང་གི་སྒྱུ་རྩལ་ལས་རིགས་བ་ཀུན་གྱིས་བོད་ཀྱི་ཐང་ག་སྒྱུ་རྩལ་གྱི་རིན་ཐང་ལ་དོ་སྣང་དང་རྩིས་ཆེན་བྱ་ཡུལ་ཞིག་ཏུ་གྱུར།  

གངས་ལྗོངས་རྡོར་ལུགས་ཐང་ག་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་གནང་བཞིན་ཡོད།

མིག་སྔར་ཐང་ག་འགྲེམ་སྟོན་གྱི་ཡུལ་དངོས་འདིར་རྒྱལ་ཕྱི་ནང་གི་སྨྱན་བྱད་ལས་རིགས་བ་དང་ལྟད་མོ་བ་མང་པོ་གྲོག་ཚང་བརྡོལ་བ་བཞིན་དུ་འཚང་བཞིན་ཡོད། དེ་ལས་ཤེས་ལྡན་བ་གང་མང་གིས་ངོ་མཚར་དུ་མཐོང་སྟེ་མཐོང་ཆེན་དང་རྒྱབ་སྐྱོར་ཐོབ་ཡོད་ལ། འཛམ་གླིང་སྒྱུ་རྩལ་ཚོང་རའི་དགའ་ཚལ་དུ་སྙེག་གིན་པའི་བོད་ཀྱི་ཐང་ག་སྒྱུ་རྩལ་གྱི་ལས་རིགས་འདི་ལ་སྔ་ན་མེད་པའི་གཟི་བརྗིད་ཀྱི་འོད་མདངས་འཕྲོས།  ཡུལ་མདོ་དབུས་ཁམས་གསུམ་གྱི་ཕུ་ནུ་མིང་སྲིང་དག་གིས་རང་རིགས་ཀྱི་ནོར་བུ་འོད་འབར་མ་ལྟ་བུའི་རྡོར་ལུགས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་དག་རྒྱ་མཚོ་ཆེན་པོའི་གཡས་གཡོན་གྱི་འཛམ་གླིང་ཚོང་རའི་དཔལ་འབྱོར་གྱི་དགའ་ཚལ་དུ་བོད་ཀྱི་ཐང་ག་ཞེས་གཟི་བྱིན་གྱི་འོད་མདངས་ལྷག་ཏུ་འཚེར་བར་སྨོན་ནོ། །
  • ལེ་ཚན་སྔོན་མ།:རི་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ69འཁོར་བར་དྲན་གསོ་བྱེད་པའི་བྱེད་སྒོ་པེ་ཅིན་དུ་སྤེལ།
  • ལེ་ཚན་རྗེས་མ།:ཁྱིམ་ཚང་དབུལ་པོའི་སློབ་མའི་སློབ་གྲྭ་ཆེན་མོའི་ཕུགས་འདུན་གྲུབ།
  • དོ་སྣང་ཆེ་བའི་རྩོམ།