སྐབས་གསུམ་པའི་མཚོ་སྔོན་པོའི་རྒྱལ་སྤྱི་སྙན་ངག་དུས་ཆེན་དེ་ཟླ་བརྒྱད་པའི་ནང་འཚོགས་རྒྱུ་ཡིན།

    མཚོ་སྔོན་པོའི་དྲ་བ།    2011-03-18

 ཟླ2པའི་ཚེས24ཉིན། 2011ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། སྙན་ངག་པ། མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་ཀྲུའུ་ཞི་ཅི་ཏེ་མ་ཅ་ཡིས་ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཐག་གཅོད་ལྟར2011ལོའི་ཟླ8པའི་ཚེས7ཉིན་ནས་ཚེས12ཉིན་མཚོ་སྔོན་གྱིས2011ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གསུམ་པ་སྤེལ་རྒྱུ་ཁྱབ་བསྒྲག་བྱས།
        2011ལོའི“མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན”སྐབས་གསུམ་པའི་བྱ་འགུལ་ལ་འགོ་རྩོམ་མཛད་སྒོའམ་མཐོ་རིམ་རིག་གནས་གླེང་སྟེགས་དང་། སྙན་ངག་པའི་ཡུལ་དངོས་ནས་རྒྱུ་ཆ་འཚོལ་སྡུད་གསར་རྩོམ་བྱེད་པ། སྙན་ངག་གྱེར་འདོན། གསེར་གཙོད་རྒྱལ་སྤྱིའི་སྙན་ངག་བྱ་དགའ་སྟེར་བའི་མཛད་སྒོ། སྙན་ངག་རོལ་དབྱངས་གླུ་ལེན་ཚོགས་འདུ་སོགས་ཡོད་ཅིང་། སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ60ལྷག་ནས་ཡོང་བའི་དེང་རབས་ཀྱི་མིང་གྲགས་ཆེ་བའི་སྙན་ངག་པ200ལྷག་སྙན་ངག་དུས་ཆེན་ལ་ཞུགས་རྒྱུ་རེད།
         ཅི་ཏེ་མ་ཅ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་སྙན་ངག་དུས་ཆེན་གྱིས“རྒྱལ་སྤྱིའི་རིག་གནས་བརྗེ་རེས་འོག་རིགས་སོ་སོའི་མི་རིགས་སྐད་ཡིག་གི་ཁྱད་པར་དང་སྙན་ངག་ལོ་ཙཱའི་གསར་རྩོམ”བརྗོད་དོན་བྱས་ཏེ། གོ་ལ་ཧྲིལ་བོ་ཅན་གྱི་རྒྱབ་ལྗོངས་འོག་སྙན་ངག་སྒྱུ་རྩལ་གྱི་འདྲ་ས་དང་སྐད་ཆའི་རིག་གནས་ཀྱི་མི་རིགས་ཀྱི་མི་འདྲ་སར་ཞིབ་བསྡུར་བྱས་ཏེ། ཚན་རིག་གི་བྱེད་སྟངས་དང་གསར་སྐྲུན་གྱི་སྙིང་སྟོབས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
 
  • ལེ་ཚན་སྔོན་མ།:རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་ཚྭ་ལ་འཚང་ཁ་དང་འཕྲོག་རྩོད་ཀྱིས་ཉོ་ཚོང་བྱེད་མི་དགོས།
  • ལེ་ཚན་རྗེས་མ།:ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་རྒྱལ་ཁབ་ཀྱི་གལ་འགངས་ཆེ་བའི་ཚན་རྩལ་གྲུབ་འབྲས་པེ་ཅིན་དུ་འགྲེམ་སྟ
  • དོ་སྣང་ཆེ་བའི་རྩོམ།