ཙུང་ལི་བུན་ཅ་པའོ་ཡིས་ཐེངས་གསུམ་པར་དྲ་བ་བརྒྱུད་དེ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་འཆར་གཞིའི་སྐོར

ཀླུ་འབུམ་བྱམས།        2011-03-01

 ཙུང་ལི་བུན་ཅ་པའོ་ཡིས་ཐེངས་གསུམ་པར་དྲ་བ་བརྒྱུད་དེ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་འཆར་གཞིའི་སྐོར

 ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་ཀྲུང་གོའི་སྲིད་གཞུང་དྲ་བ་དང་ཞིན་ཧྭ་དྲ་བའི་མཉམ་འབྲེལ་ཆེད་དོན་བཅར་འདྲི་དང་ལེན་མཛད་དེ། དྲ་བའི་སྐུད་ལམ་བརྒྱུད་དེ་རྒྱ་ཆེའི་དྲ་གྲོགས་དང་གནས་ཚུལ་བརྗེ་རེས་མཛད།

 ཀྲུང་གོའི་ཙུང་ལི་བུན་ཅ་པའོ་ཡིས2009ལོ་དང2010ལོའི་ཟླ་གཉིས་བའི་ཟླ་མཇུག་གི་རྗེས་སུ། ད་ལོའི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་ཡང་བསྐྱར་ཀྲུང་གོའི་སྲིད་གཞུང་དྲ་བ་དང་ཞིན་ཧྭ་དྲ་བའི་མཉམ་འབྲེལ་ཆེད་དོན་བཅར་འདྲི་དང་ལེན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་དྲ་དམངས་བར་སྐུད་ལམ་ནས་གནས་ཚུལ་བརྗེ་རེས་མཛད་དེ། གཙོ་བོ་མང་ཚོགས་ཀྱི་འཚོ་བར་ཅི་ལྟར་འགན་སྲུང་དང་དེ་ལེགས་བཅོས་བྱེད་པའི་སྐོར་ནས་བགྲོ་གླེང་མཛད།
 དྲ་བའི་སྐུད་ལམ་ནས་དུས་ཚོད་གཉིས་ཙམ་གྱི་རིང་ལ་བགྲོ་གླེང་བྱེད་སྐབས། ཙུང་ལི་བུན་ཅ་པའོ་ཡིས་དྲ་དམངས་ཉི་ཤུ་ལྷག་གི་དྲི་བར་ལན་བཏབ་པ་དང་། དེའི་ཁྲོད་ཀྱི་ནང་དོན་མང་ཤོས་ནི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་དང་དེ་ལེགས་བཅོས་བྱེད་པར་ཐད་གར་དུ་འབྲེལ་བ་ཡོད་པས། དབྱེ་ཞིབ་མི་སྣས་དོན་དེ་ལས་ཀྲུང་གོའི་སྲིད་གཞུང་གིས་སྔར་བཏོན་མ་མྱོང་བའི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བའི་གནད་དོན་ལ་དོ་སྣང་བྱེད་བཞིན་ཡོད་པ་ཤེས་ཐུབ་ཟེར།

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱི་ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་ཐད་ནས་ཕན་ནུས་མངོན་གསལ་ཐོབ་པ།
  • ལེ་ཚན་རྗེས་མ།:གློག་བརྙན་ཐུང་ངུ《ཤེས་རབ་ཀྱི་འཛུམ་མདངས》ཕབ་སྐྲུན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།