ཀྲུང་གོ་བོད་ཀྱི་དྲ་བ། 2014-09-01
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། རིག་གནས་པུའུ་གཞུང་སྒྲུབ་ཐིན་གྱིས་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་པར་དངོས་སུ་ཆོག་མཆན་གནང་བ་མ་ཟད། འགོ་ཁྲིད་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནན་ཏན་གྱིས་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་ཚན་རིག་དང་མཐུན་པའི་སྲུང་སྐྱོང་འཆར་གཞི་དང་ལག་བསྟར་བྱེད་ཐབས། སྲུང་སྐྱོང་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པ་སོགས་ཀྱི་ཐད་ནས་བྱེ་བྲག་གི་བླང་བྱ་བཏོན་ཡོད།
མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱ་བ་དེ་རིག་གནས་མིང་གྲགས་ཁུལ་འཛུགས་སྐྲུན་དང་རིག་གནས་འཕེལ་རྒྱས་དང་དར་སྤེལ་ཆེན་མོ། ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་རྩིས་ནས། ཁུལ་ཡོངས་ཀྱི་གལ་ཆེའི་གྲོས་གཞི་རིམ་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ཁྲོད་བཞག་ཡོད། དུས་མཚུངས་སུ། མགོ་ལོག་ཁུལ་གྱིས་ཧུར་བརྩོན་གྱིས་རིག་གནས་པུའུ་དངོས་མིན་ཤུལ་བཞག་ཟི་དང་ཞིང་ཆེན་རིག་གནས་ཐིན་ལ་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ཏེ། རིག་གནས་པུའུ་ཡི་མགོ་ཁྲིད་དང་ཆེད་མཁས་པ་མགོ་ལོག་ཁུལ་གྱི་ཡུལ་དངོས་སུ་ཕྱིན་ནས་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་བྱ་བ་སྣ་ཚོགས་ལ་རྟོག་ཞིབ་དང་དཔྱད་འཇོག་བྱས་པ་དང་། མགོ་ལོག་ཁུལ་གྱི་གེ་སར་རིག་གནས་ཐོན་ཁུངས་དང་རིམ་པ་སོ་སོའི་སྲིད་གཞུང་། སྒྱུ་རྩལ་པ། མང་ཚོགས་བཅས་ཀྱིས་གེ་སར་རིག་གནས་སྲུང་སྐྱོང་རྒྱུད་འཛིན་བྱས་པར་ཁས་ལེན་གང་ལེགས་བྱས། ཐུན་མོང་གིས་འབད་བརྩོན་དང་ཧུར་བརྩོན་གྱིས་བརྩོན་ལེན་བྱས་པ་བརྒྱུད། རིག་གནས་པུའུ་ཡིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ2013ལོའི་ཟླ10བའི་ཚེས18ཉིན་སྙན་ཞུ་ཕུལ་བའི《གེ་སར་མགོ་ལོག་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་རྩ་གནད》ལ་གྲོས་ཞིབ་བྱས་པ་མ་ཟད། ཉེ་སྔོན་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་པར་དངོས་སུ་ཆོག་མཆན་གནང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10