མཚོ་སྔོན་པོ་དྲ་བ། 2014-09-01
བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།
ཟླ8པའི་ཚེས29ཉིན། བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་ཚོགས་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཐེངས་འདིའི་འགྲན་ཚོགས་སྟེང་ལྗོངས་ཡོངས་ཀྱི་འཐུས་ཚབ་རུ་ཁག12ཀྱི་ལུས་རྩལ་པ843ཡོད་པ་རེད།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་ཐེངས་དང་པོར་བོད་ལྗོངས་ཀྱི་སྲིད་གཞུང་སྡོད་གནས་ཏེ་ལྷ་ས་མ་ཡིན་པའི་ས་ཁུལ་གཞན་དུ་བསྡུས་པ་ཡིན་ལ། ཕུལ་དུ་བྱུང་བའི་ལུས་རྩལ་པ་སྐྱེད་སྲིང་བྱས་ནས2015ལོའི་རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་དང2017ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པའི་འགན་འཁྲི་ལྕི་མོ་འཁུར་ཡོད་པ་རེད།
རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཉིན་བརྒྱད་རིང་དུ་བསྡུ་རྒྱུ་ཡིན་ཞིང་། ཟླ9པའི་ཚེས5ཉིན་མཇུག་བསྡུ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10