བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-12-06
འགྲན་ཞུགས་པས་སྙན་གླུ་ལེན་བཞིན་པ།
འགྲན་ཞུགས་པས་སྙན་གླུ་ལེན་བཞིན་པ།
ཟླ12པའི་ཚེས1ཉིན། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡིས་གཙོ་སྒྲུབ་དང་མཚོ་ལྷོ་ཁུལ་མང་ཚོགས་རིག་གནས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་བྱས་པའི་མཚོ་ལྷོའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་དང་པོ་དེ་ཁྲི་ཀ་རྫོང་དུ་བསྡུས་ཤིང་། ཁུལ་ཡོངས་ཀྱི་རྫོང་སོ་སོ་ནས་ཡོང་བའི་གླུ་བ་དང་གླུ་མ36ཐེངས་འདིའི་འགྲན་སྡུར་དུ་ཞུགས་པ་རེད།
འགྲན་ཞུགས་པས་སྙན་གླུ་ལེན་བཞིན་པ།
ཉིན་གསུམ་རིང་གི་འགྲན་སྡུར་ཁྲོད་ཆེད་ལས་ཀྱི་དཔྱད་འདེམ་པས་དྲང་བདེན་དྲང་གཞག་གི་སྒོ་ནས་དཔྱད་འདེམས་བྱས་པའི་ཁར།མང་ཚོགས་ཀྱི་དགོངས་འཆར་ལ་བརྩི་འཇོག་དང་དང་ལེན་བྱས་ནས་གཉུག་གནས་ཀྱི་དམངས་གླུ་དང་སྲོལ་རྒྱུན་གྱི་དབྱངས་རྟ་སོགས་དཔྱད་འདེམས་ཀྱི་རྣམ་གྲངས་གཙོ་བོ་ཞིག་ཏུ་བྱས་ནས་འགྲན་སྡུར་བྱས་མཐར།ཨང་དང་པོ་མི་གཅིག་དང་ཨང་གཉིས་པ་མི་གཉིས། ཨང་གསུམ་པ་མི་གསུམ་བཅས་བདམས་ཐོན་བྱུང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10