བོད་ཀྱི་སྙན་ངག་པའི་བརྩམས་ཆོས《སྙན་ངག་གཏེར་མཛོད》དུ་བཀོད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-05-30

རྩོམ་པ་པོའམ་སྙན་ངག་པ་གྲགས་ཅན་དབྱི་ཧྲ་ཡིས་གཙོ་གཉེར་མཛད་པའི་དེང་རབས་ཀྱི་སྙན་ངག་དཔྱད་འདེམས་ཆེད་སྒྲིག་ལེ་ཚན་ཏེ《དུས་རབས་ཀྱི་སྙན་ངག་གཏེར་མཛོད》ཅེས་པ་དེ་སྙན་ངག་དང་རིག་གནས་ཁྱབ་ཁོངས་སུ་མཚན་སྙན་ཆེན་པོ་རྒྱས་ཤིང་། 2011ལོའི་ཟླ4བའི་ཚེས5ཉིན་ཁོང་གིས་ཝང་ཡེ་པོད་འཕྲིན་སྟེང་ཆེད་སྒྲིག་ལེ་ཚན་བསྒྲིགས་ནས་མུ་མཐུད་དུ《དུས་རབས་ཀྱི་སྙན་ངག་གཏེར་མཛོད》ཅེས་པ་བྲིས་ནས་ལེ་ཚན་གྱི་མིང་ལ《དུས་རབས་གསར་བའི་སྙན་ངག་གཏེར་མཛོད》ཅེས་བཏགས་པ་རེད།
              2011ལོའི་ཟླ7པའི་ཚེས2ཉིན་སྙན་ངག་པ་དགའ་བདེ་ཚེ་རིང་གི་བརྩམས་ཆོས་ཏེ《མཚོ་སྔོན། དབྱར་ཁའི་མཚན་མོ》ཞེས་པ་ཐེངས་དང་པོར《དུས་རབས་གསར་བའི་སྙན་ངག་གཏེར་མཛོད》དུ་བཀོད་པ་དང་། 2012ལོའི་ཟླ5བའི་ཚེས24ཉིན་སྙན་ངག་པ་བདེ་ཆེན་དཔག་མེད་ཀྱི་བརྩམས་ཆོས《ལྷ་ས》ཞེས་པ《དུས་རབས་གསར་བའི་སྙན་ངག་གཏེར་མཛོད》དུ་བཀོད། ཁོང་གཉིས་ནི《དུས་རབས་གསར་བའི་སྙན་ངག་གཏེར་མཛོད》དུ་བཀོད་ཐུབ་པའི་བོད་ཀྱི་སྙན་ངག་པ་གཉིས་ཡིན་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་དང་མའེ་ཧྲན་གྱིས་མཉམ་འབྲེལ་ཐོག“གཞན་གཏོགས་ས་ཆའི”བཟོ་ལས་གླིང་བསྐྲུན་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།