རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མཚོན་དོན།

        2014-08-19

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་16ཉིན་ཡོངས་བསྒྲགས་བྱས་པའི་ཞིབ་རྩིས་གྲངས་གཞི་རགས་ཙམ་ཐོག་ནས་མཚོན་དོན།ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་269044ལ་ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་བརྒྱ་ཆ7.4འཕར་བ་དང་། དུས་ཚིགས་སོ་སོར་བལྟས་ན། དུས་ཚིགས་དང་པོར་བརྒྱ་ཆ7.4དང་དུས་ཚིགས་གཉིས་པར་བརྒྱ་ཆ7.5འཕར་སྣོན་བྱུང་བ་རེད།      རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྲེང་ལའེ་ཡུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་ལོ་ཚུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་འོག་འཕར་ཚད་བརྟན་དུ་གཏོང་བ་དང་། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ་བཅས་བྱས་པའི་ཁར་བཅོས་བསྒྱུར་གསར་གཏོད་ལས་སྒུལ་ཤུགས་དང་གྲུབ་ཆ་ལེགས་སྒྲིག་གིས་རོགས་ཤུགས་བསྐྲུན་རྒྱུ་རྒྱུན་འཁྱོངས་དང་། ཚོང་རའི་ནུས་པ་འདོན་སྤེལ་བྱེད་རྒྱུར་ཤུགས་རྒྱག་པ། ཕྱོགས་ངེས་སྙོམས་སྒྲིག་ཚོད་འཛིན་བྱེད་པའི་ཐད་ལ་སྔར་བས་མཐོང་ཆེན་བཅས་བྱས་པས་དཔལ་འབྱོར་འཁོར་སྐྱོད་ཐད་སྤྱིའི་ཆ་ནས་དོ་སྙོམས་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག་ཐད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ། གཞན་སྒྱུར་རིམ་སྤར་གྱི་འཕེལ་ཚུལ་བཟང་པོ་ཡོད་པ་རེད།
  
  
  • ལེ་ཚན་སྔོན་མ།:ཞིང་ལས་དངུལ་ཁང་གིས་དངུལ་བུན་བཏང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས།
  • ལེ་ཚན་རྗེས་མ།:ལག་རྩལ་དཔེ་སྟོན་བྱས་ནས་ཞིང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་བྱུང་།
  • དོ་སྣང་ཆེ་བའི་རྩོམ།