རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་སོལ་གཏོར་ཁེ་ལས་ཟླ་སྒྲིལ་བསྐྱར་འཛུགས་དང་འབྲི་ཆུ་སོགས་ནང་འབབ་ཆུ་ཐོག་སྐྱེལ་འདྲེན་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

ཀླུ་འབུམ་བྱམས།        2010-08-27

 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཟླ8པའི་ཚེས25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སོལ་གཏོར་ཁེ་ལས་ཟླ་སྒྲིལ་བསྐྱར་འཛུགས་དང་འབྲི་ཆུ་སོགས་ནང་འབབ་ཆུ་ཐོག་སྐྱེལ་འདྲེན་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་རྡོ་སོལ་ནི་རང་རྒྱལ་གྱི་ནུས་ཁུངས་གཙོ་བོ་ཡིན་ལ། རྡོ་སོལ་ལས་རིགས་སྐྱོན་བྲལ་བའི་ངང་གོང་དུ་སྤེལ་རྒྱུ་དེ་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས་ལ་འབྲེལ་བ་ཡོད་པ་ཞིག་རེད། བཅོས་སྒྱུར་དང་ཕྱི་ལ་སྒོ་ཕྱེས་པ་ནས་བཟུང་། རང་རྒྱལ་གྱི་རྡོ་སོལ་ལས་རིགས་གོང་དུ་སྤེལ་བའི་ཐད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་མོད། འོན་ཀྱང་ཐོན་ལས་གཅིག་བསྡུས་ཀྱི་ཚད་དམའ་མ་དང་། ཐོན་ཁུངས་ཆུད་ཟོས་དང་ཁོར་ཡུག་བཙོག་པས་སྦགས་ཚད་ཚབས་ཆེ་བ། གཏེར་འཚོལ་གསར་སྤེལ་གྱི་སྒྲིག་སྲོལ་རྙོག་འཛིང་ཡིན་པ་དང་། ཐོན་སྐྱེད་བདེ་འཇགས་ཕྱོགས་ཀྱི་ཆག་སྒོ་མང་དུ་བྱུང་བ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་དུ་ཐོན་ཡོད་པས། ངེས་པར་དུ་བདེ་འཇགས་དང་གྲོན་ཆུང་། གཙང་མ་ཡིན་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་རྩ་དོན་ལྟར། སྲིད་གཞུང་གིས་ཁྲིད་སྟོན་དང་ཚོང་ཁྲོམ་ནང་རྐྱེན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། ཕྱོགས་གང་ཅའི་བརྩོན་སེམས་ཧུར་ཐག་གིས་སྐུལ་སློང་གང་ལེགས་བྱས་ཏེ། སོལ་གཏེར་ཁེ་ལས་ཟླ་སྒྲིལ་བསྐྱར་འཛུགས་དང་། རྗེས་སུ་ལུས་པའི་ཐོན་ནུས་མཁོ་མེད་དུ་འདོར་བ། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་། རྡོ་སོལ་ཐོན་སྐྱེད་སྣ་འཛོམ་ཅན་དུ་སྒྱུར་ཚད་དང་། བདེ་འཇགས་ཐོན་སྐྱེད་དང་ཚན་རྩལ་གྱི་ཆུ་ཚད་བཅས་ཇེ་མཐོར་བཏང་ནས། རྡོ་སོལ་གྱི་ཐོན་ཁུངས་གོ་རིམ་ཡོད་པའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱེད་པ་དང་། དེང་རབས་རྡོ་སོལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་ཞེས་བསྟན། ཚོགས་ཐོག་ནས། རང་རྒྱལ་གྱི་ནང་འབབ་ཆུ་ཐོག་སྐྱེལ་འདྲེན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། འབྲི་ཆུ་སོགས་ནང་འབབ་ཆུ་ཐོག་སྐྱེལ་འདྲེན་མྱུར་དུ་འཕེར་རྒྱས་སུ་གཏོང་བ་དང་། དེང་རབས་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་འཛུགས་པ། གཙང་བོ་དང་ཆུ་བོའི་འགྲམ་རྒྱུད་ས་ཁུལ་གྱི་ཐོན་ལས་སྒྲིག་སྟངས་ལེགས་སྒྲིག་དང་། ནུས་ཁུངས་གྲོན་ཆུང་དང་བཙོང་ཆུ་ཉུང་འདོན། ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་གོང་དུ་སྤེལ་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། དེ་བས། ལོ10ཡས་མས་ཀྱི་དུས་ཡུན་བེད་སྤྱད་དེ། ཐོགས་མེད་དང་ཕན་འབྲས་མཐོ་བ། བདེ་འཇགས་དང་། ལྷད་མེད་བཅས་ཀྱི་དེང་རབས་ཅན་གྱི་ནང་འབབ་ཆུ་ཐོག་སྐྱེལ་འདྲེན་གྱི་མ་ལག་ཅིག་སྐྲུན་དགོས་ཞེས་བསྟན། ཚོགས་ཐོག་ནས«གནའ་བོའི་སྐྱེ་དངོས་འགྱུར་རྡོའི་སྲུང་སྐྱོབ་སྲོལ་ཡོག་འཆར་ཟིན»ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། །
 
  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་ད་ལོའི་ཆུ་ལོག་འགོག་པ་དང་ཐན་པ་སེལ་བའི་བྱ་བའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་མོ་དུ
  • ལེ་ཚན་རྗེས་མ།:ཀྲུང་གོའི་བོད་ཀྱི་ཐང་ག་འགྲེམ་སྟོན་དེ་ཨོ་སི་ཁྲུ་ལི་ཡའི་ཞི་ཉིར་སྤེལ་གྲབས་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།