ཨ་མགོན་གྱིས་བསྒྱུར། 2016-11-18
ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་འགན་བཞེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་།
ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པའི་སྙིང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེ་བའི་གསུང་བཤད་རབ་དང་རིམ་པའི་སྙིང་དོན་ལག་ལེན་ཟབ་མོ་བསྟར་བ་དང་། 《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དང་ཏང་ནང་ཁུལ་ལ་ལྟ་སྐུལ་ནན་པོར་བྱས་ཏེ་ཆབ་སྲིད་འཕེལ་རྒྱས་ཡག་པོ་གཏོང་བའི་རྣམ་པ་སྲ་བརྟན་གཏང་རྒྱུའི་སྐོར་གྱི་གྲོས་ཆོད》དང་། 《ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་འཚོག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་ཀར་སྐུལ་འདེད་གཏང་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྤྱི་བསྒྲགས།
(2016ལོའི་སྤྱི་ཟླ11པའི་ཚེས16ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གྲོས་འཆམས་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དེ2016ལོའི་སྤྱི་ཟླ11པའི་ཚེས15ནས16བར་ཁྲེང་ཏུའུ་ལ་འཚོགས་པ་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན72དང་། ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན15ཡོད་པ་རེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུའི་ནང་ཟུར་ཞུགས་བྱས་པ་རེད། ཞིང་ཆེན་སྐབས་བཅུ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ནང་གཞི་རིམ་གྱི་བློ་མཐུན་དང་ཆེད་རམས་པ། མཁས་དབང་རྣམས་ཚོགས་འདུའི་ནང་ཟུར་ཞུགས་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་འགན་བཞེས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པའི་སྙིང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེ་བའི་གསུང་བཤད་རབ་དང་རིམ་པའི་སྙིང་དོན་ལག་ལེན་ཟབ་མོ་བསྟར་བ་དང་། 《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དང་ཏང་ནང་ཁུལ་ལ་ལྟ་སྐུལ་ནན་པོར་བྱས་ཏེ་ཆབ་སྲིད་འཕེལ་རྒྱས་ཡག་པོ་གཏོང་བའི་རྣམ་པ་སྲ་བརྟན་གཏང་རྒྱུའི་སྐོར་གྱི་གྲོས་ཆོད》དང་། 《ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་འཚོག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་ཀར་སྐུལ་འདེད་གཏང་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་རང་རྒྱལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དུ་འཚོགས་པའི་ཧ་ཅང་གལ་ཆེ་བའི་གྲོས་ཚོགས་ཤིག་རེད། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཐེངས་དྲུག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལྟ་བུའི་གོ་གནས་སུ་འཇོག་པ་གསལ་པོར་བྱས་པ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་ཐུན་མོང་གི་འདོད་བློ་མཚོན་ལ། ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་ཡང་རེད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱག་རྒྱུའི་རྩ་བའི་འགན་ལེན་ཡིན་ལ། ལོ་རྒྱུས་ཀྱི་ཁྱད་ཆོས་མང་པོ་ཡོད་པའི་རླབས་ཆེ་བའི་འཐབ་རྩོད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་བྱ་གཞག་རྒྱུན་འཁྱོངས་དངའཕེལ་རྒྱས་གཏོང་བར་ཁ་ཚ་དགོས་གཏུག་ཀྱང་ཡིན་པར་བརྟེན། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་ཏང་གི་མཐུན་སྒྲིལ་དང་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ནུས་པ་གོང་བུར་དེ་བས་ཡག་པོ་འགྲིལ་ནས་གོ་སྐབས་དམ་འཛིན་དང་། འགྲན་སློང་ལས་རྣམ་པར་རྒྱལ་བ། ཏང་ཡོངས་ཀྱི་རྡོག་རྩ་གཅིག་སྒྲིལ། ཐོག་མའི་བསམ་འདུན་མི་བརྗེད་པ། མུ་མཐུད་མདུན་སྐྱོད་བྱས་ཏེ་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་འགན་སྲུང་བྱ་རྒྱུའི་ཐད་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་འདས་པའི་ལོ་གཅིག་ནང་གི་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཁས་ལེན་གང་ལེགས་བྱས་ནས་ལོ་གཅིག་གི་རིང་ལ་སི་ཁྲོན་གྱི་འཕེལ་རྒྱས་དེ་སྤྱིར་བཏང་མིན་པའི་འཕེལ་རིམ་བརྒྱུད་ཡོད་པ་རེད་ཅེས་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད། ཁྱོན་ཡོངས་ནས་བཅོས་བསྒྱུར་བརྟན་ཁྲོད་ཟབ་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད་སྐས་རིམ་གསར་པའི་ཐོག་བསླེབས་ཤིང་། དབུལ་སྐྱོར་གནད་སྨིན་དང་དབུལ་ཐར་གནད་སྨིན་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ཁྱོན་ཡོངས་ནས་ཤུགས་སྣོན་དང་དྲིལ་བསྒྲགས། བསམ་བློ། རིག་གནས་ལས་ཀ་ཏན་ཏིག་ངང་སྤེལ་བ་དང་། བོད་ཁུལ་ལས་ཀར་གཏོད་བརྒལ་ཆེན་པོ་བྱུང་ཡོད། ས་འགུལ་གནོད་སྐྱོན་ཐེབས་ཁུལ་ཉམས་གསོ་བསྐྱར་སྐྲུན་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། ཁྱོན་ཡོངས་ནས་ཏང་ནན་པོར་བསྐྱང་རྒྱུ་དེ་རྒྱུན་ཆད་མེད་པར་ཟབ་ཏུ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དུ་སྐྱོན་བྲལ་ངང་འཕེལ་རྒྱས་དང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་བཅོས། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་། ལས་བྱེད་པ་དང་མང་ཚོགས་ལ་བརྩོན་སེམས་འཇོན་ཐང་ལྡན་པའི་རྣམ་པ་ཡག་པོ་ཞིག་ཆགས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏན་ཏིག་གིས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་བརྟན་པོ་དང་། སྒྲིག་ལམ་ནན་སྲུང་བྱས་ཡོད། ཐོག་མཐའ་བར་གསུམ་དུ་དམངས་གཙོ་གཅིག་བསྡུས། ལས་བགོས་འགན་ལེན་བྱས་ཡོད། ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྣེ་ཁྲིད་དང་དོན་འཁྱོལ་ནན་འཛིན་བྱས་ཡོད། ཐོག་མཐའ་བར་གསུམ་དུ་དམིགས་ཡུལ་སེམས་སུ་བརྟན་པོ་བཟུང་ནས་མི་དམངས་གོང་བཀུར་བྱས་ཡོད། ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་པོ་དང་སྤྱོད་གཙང་སྲིད་སྐྱོང་བྱས་ཏེ་ཕྱོགས་སོ་སོར་དཔེར་སྟོན་བྱེད་གང་ཐུབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་སྣེ་ཁྲིད་ནས་ལོ་རྒྱུས་ཀྱི་ལས་འགན་སེམས་ལ་བརྟན་པོར་བཟུང་བ་དང་ཐོག་མའི་བསམ་འདུན་མ་བརྗེད་ནས་མུ་མཐུད་དེ་མདུན་དུ་བསྐྱོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ་ཡང་དག་པའི་འགྲོ་ཕྱོགས་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཕོད་པ། གནད་དོན་འགྲོ་ཕྱོགས་དམིགས་སུ་ཐོན་པ། ཡན་ལག་དང་རྩ་བ་མཉམ་སྐྱོང་བྱ་རྒྱུར་དོ་སྣང་བྱས་ཏེ་སྲ་བརྟན་ནུས་ལྡན་གྱིས་ཁྱོན་ཡོངས་ནས་ཏང་ནན་པོར་བསྐྱང་རྒྱུར་སྐུལ་འདེད་བཏང་ནས་ཐོབ་དཀའ་བའི་ཆབ་སྲིད་ཀྱི་རྣམ་པ་ཡག་པོ་དེ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གནས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་གཏོང་བ་དང་། ཏང་ནང་ཁུལ་དུ་ལྟ་སྐུལ་ནན་པོར་བྱས་ཏེ་འཕེལ་རྒྱས་ཡག་པོ་བྱུང་བའི་ཆབ་སྲིད་རྣམ་པ་སྲ་བརྟན་གཏང་དགོས་ན། ངེས་པར་དུ་ཏང་གི་སྒྲིག་ཡིག་རྩ་བའི་བརྩི་སྲུང་བྱས་ཏེ་ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ་རྨང་གཞི་ཡག་པོ་འདིང་རྒྱུ་དང་དགེ་སྤེལ་སྐྱོན་སེལ། སྒྲིག་ཁྲིམས་ནན་སྲུང་། སྣེ་ཁྲིད་དཔེ་སྟོན། རྒྱུན་འཛིན་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དེ་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན།འཐབ་འཛིང་རང་བཞིན། ལག་ལེན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཏང་གི་རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་ཀྱི་འཇོན་ནུས་ཇེ་དྲག་ཏུ་གཏང་དགོས། ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་དགོས། ནུས་ཤུགས་ཡོད་རྒུས་སི་ཁྲོན་འཛུགས་སྐྱོང་དར་སྤེལ་བྱས་པའི་འགོ་ཁྲིད་འཇོན་ནུས་དང་སྲིད་སྐྱོང་ཆུ་ཚད་མཐོ་རུ་གཏང་རྒྱུ་དང་། རུལ་འགོག་ངན་འགྱུར་དང་ཉེན་ཁར་འགོག་རྒོལ་བྱེད་པའི་འཇོན་ནུས་ཇེ་དྲག་ཏུ་བཏང་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིམ་ཤུགས་དང་འཐབ་འཛིང་ནུས་ཤུགས་མངོན་གསལ་དུ་མཐོ་རུ་བཏང་ནས་གཅིག་བསྡུས་ཡིན་ལ་དམངས་གཙོ་ཡིན་པ། སྒྲིག་ལམ་ཡོད་ལ་རང་མོས་ཡོད་པ། གཅིག་གྱུར་གྱི་འདོད་བློ་ཡོད་ལ་མི་སྒེར་གྱི་བསམ་ཚུལ་ལྷུག་བརྗོད་བྱེད་ས་ཡོད་པའི་གསོན་ཉམས་ལྡན་པའི་ཆབ་སྲིད་རྣམ་པ་ཆགས་གང་ཐུབ་བྱས་པར་བརྟེན། མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་གཏོར་བརྒལ་གཉིས་མངོན་འགྱུར་བྱུང་བར་འགན་ལེན་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། ཕུལ་དུ་བྱུང་བའི་ཆབ་སྲིད་འཚོ་བ་འཕེལ་རྒྱས་གཏོང་བའི་རྣམ་པ་སྲ་བརྟན་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་ཇེ་དྲག་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་རྨང་གཞི་ཡག་པོ་བཏིང་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏང་དགོས། སེམས་ཐག་གཙང་བཅད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ཏང་གི་རྩ་བ་ནི་མི་དམངས་ཡིན་ཞིང་། ཁྲག་རྩ་ལྟ་བུ་དེ་མི་དམངས་ཀྱི་ལག་ལ་ཡོད་པ་དང་ནུས་ཤུགས་དེ་མི་དམངས་ཀྱི་ལག་ལ་ཡོད་པ་རེད། ནན་ཏན་གྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཕྱི་སྒྲུབ་པའི་དམིགས་ཡུལ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོར་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་དེ་བསམ་བློ་གཏོང་སའི་གནད་དོན་དང་ཐབའ་ཇུས་འགོད་ས། དོན་དག་སྒྲུབ་སའི་འགོ་ཚུགས་སར་བརྩི་དགོས། སྔར་ལྷག་གིས་དམངས་འཚོའི་ཐད་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབ་རྒྱུ་དང་། དམངས་འཚོའི་དཀའ་གནད་ཐག་གཅོད་ཡག་པོ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དམངས་གཙོ་ནི་ཏང་ནང་ཁུལ་གྱི་ཚེ་སྲོག་ཡིན་པ་དང་དམངས་གཙོ་གཅིག་བསྡུས་ནི་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་དུས་གཏན་དུ་མི་ཉམས་པ་བྱ་ཆེད་ཡིན་པ་རེད། མི་སྤྱོད་མི་འདེམས་ཡང་དག་པར་བྱ་རྒྱུའི་འགྲོ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་བྱ་རྒྱུའི་རྩ་འཛུགས་འགན་ལེན་ཡིན་པ་རེད། ཏང་གི་རྩ་འཛུགས་འཚོ་བ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གལ་ཆེ་བའི་ནང་དོན་དང་འདེགས་སྐྱོར་ཡིན་ལ། ཏང་རྩ་འཛུགས་ཀྱི་ཏང་ཡོན་ལ་སློབ་གསོ་དོ་དམ་བྱེད་སའི་གལ་ཆེ་བའི་བྱེད་ཐབས་ཤིག་ཀྱང་ཡིན་པ་རེད། ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་འགན་འཁུར་ཕོད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་གཏོར་བརྒལ་གཉིས་ལག་ལེན་བྱེད་པའི་ཁྲོད་དུ་ཚད་ལོན་གྱི་ཏང་ཡོན་བྱ་རྒྱུ་དང་བྱ་བ་སྒྲུབ་མཁན་གྱི་གདོང་ལེན་པ་བྱ་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་ནི་ཏང་དུས་གཏན་དུ་སྐྱོན་བྲལ་ཡོང་བའི་སྐྱེ་སྟོབས་ཀྱི་འབྱུང་ཁུངས་ཡིན་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་རྣམ་པ་དུས་གཏན་དུས་གནས་སའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན་པ་རེད། ཁྱོན་ཡོངས་ནས་ཏང་ནན་པོར་བསྐྱང་རྒྱུ་དེ་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ནས་སྔར་ལྷག་གིས་ཕུལ་དུ་བྱུང་བའི་ཆབ་སྲིད་རྣམ་པའི་འཕེལ་རྒྱས་སྲ་བརྟན་བཏང་ནས་བྱ་གཞག་སོ་སོ་འཕེལ་རྒྱས་གཏོང་བར་རྩ་བའི་འགན་ལེན་འདོན་སྤྲོད་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོངས་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་པོར་བསྐྱང་རྒྱུའི་བླང་བྱ་དོན་འཁྱོལ་བྱས་ཏེ་རྒྱུན་ཆད་མེད་པར་ཐོབ་དཀའ་བའི་ཆབ་སྲིད་ཀྱི་རྣམ་པ་འཕེལ་རྒྱས་སྲ་བརྟན་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གཏོར་བརྒལ་གཉིས་ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་དང་ཀྲུང་གོའི་ཕུགས་འདུན་སི་ཁྲོན་གྱི་ལེ་ཚན་གསར་པ་བྲི་པར་འབད་འཐབ་བྱ་དགོས་ཞེས་འབོད་སྐུལ་གནང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10