མཚོ་སྔོན་དུ་རྒྱ་བོད་སྐད་གཉིས་ཀྱི་དྲྭ་ཐོག་ཚོང་ཁང་ལས་སྟེགས་གཉེར་འགོ་ཚུགས།

ཡེ་ཤེས་ཀྱིས་བསྒྱུར།        2016-11-11

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར།   ཉེ་ཆར། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱ་བོད་སྐད་གཉིས་ཀྱི་དྲྭ་ཐོག་གི་ཚོང་ཁང་ལས་སྟེགས་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་གཉེར་འགོ་ཚུགས་པ་རེད།   དྲྭ་ཐོག་ཚོང་ཁང་ལས་སྟེགས་དེའི་ཕན་ནུས་གཙོ་བོ་ནི་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་དང་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཕྱིར་འཚོང་བ་དང་།  ནང་ལོགས་ཀྱི་བཟོ་ལས་ཐོན་རྫས་བོད་དུ་འཚོང་བའི་བོད་ཁུལ་གྱི་དྲྭ་རྒྱའི་དམངས་ཕན་གྱི་ཞབས་འདེགས་ཞུ་བ་སོགས་ཡིན་པ་རེད།
ལས་གཞི་དེའི་འགན་འཁུར་པ་བློ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན།     དྲྭ་ཐོག་གི་ཚོང་ཁང་ལས་སྟེགས་དེ་བསྐྲུན་པར་མ་དངུལ་སྒོར་ཁྲི300ལྷག་བཏང་སྟེ།  བོད་སྐད་དང་རྒྱ་སྐད་གཉིས་ཀྱི་འཇུག་སྒོ་བཙུགས་ཡོད་པ་རེད།    ཕྱི་ཡུལ་ནས་ཡོང་བའི་མགྲོན་པ་ཚོས་རྒྱ་ཡིག་སྤྱོད་ཆོག་པའི་ལས་སྟེགས་ནས་གནག་ཕྱུགས་དང་ལུག་གི་ཤ་སྐམ་དང་།    བོད་ཀྱི་སྨན་རྫས།  ཐང་ཀ་སོགས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཉོ་ཆོག་པ།  ཡུལ་དེ་གའི་འབྲོག་པས་བོད་ཡིག་སྤྱོད་ཆོག་པའི་ལས་སྟེགས་ནས་ཁྱིམ་སྤྱོད་གློག་ཆས་ཆུང་ཆུང་དང་།  གྱོན་ཆས།  འཚོ་བའི་མཁོ་ཆས་སོགས་ནང་ལོགས་ཀྱི་བཟོ་ལས་ཐོན་རྫས་ཉོ་ཆོག་པ།   དྲྭ་ཐོག་གི་ཚོང་ཁང་ལས་སྟེགས་དེར་དྲྭ་ཐོག་ནས་དམངས་ལ་སྟབས་བདེའི་ཞབས་འདེགས་ཞུ་བའི་ལས་སྟེགས་བཙུགས་ཏེ་འབྲོག་པར་སྒོ་འབྱེད་པ་དང་།  བཟོ་བཅོས།  དྲྭ་ཐོག་དངུལ་འཇལ་བ་སོགས་ཀྱི་འཚོ་བའི་ཞབས་འདེགས་ལས་གཞི་འདོན་སྤྲོད་བྱས་པ་རེད།
དེ་མིན་དྲྭ་ཐོག་གི་ཚོང་ཁང་ལས་སྟེགས་ནས་ད་རུང་རྒྱ་བོད་སྐད་གཉིས་ཀྱི་སློབ་ཁྲིད་འཕྲུལ་འཁོར་དང་།  གློག་རྡུལ་ཚིག་མཛོད། གློག་འདོན་འཕྲུལ་ཆས།  མངགས་བཟོའི་ལག་ཁྱེར་ཁ་པར་སོགས་ཀྱི་ཐོན་རྫས་འཚོང་རྒྱུ་ཡོད་པ་རེད།
མཚོ་བྱང་བོད་རིགས་རང་བྱུང་ཁུལ་གྱི་ཁུལ་དཔོན་གཞོན་པ་རྡོ་རྗེ་ཡིས་ལས་སྟེགས་དེ་འབྲོག་པའི་དངོས་འབྲེལ་དྲྭ་བའི་བསམ་ཕྱོགས་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་པོ་ལྡན་པ་དང་།  བོད་ཁུལ་དང་ནང་ལོགས་བར་སྤེལ་རེས་དང་།   འགྲོ་འོང་། མཉམ་འདྲེས་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་ཕན་ཐོགས་ཡོད་པ་རེད་ཅེས་བཤད།། 
  • ལེ་ཚན་སྔོན་མ།:《ཀྲུང་གོའི་གནད་འགག་གི་ཐ་སྙད》ཅེས་པའི་སྐད་རིགས་མང་པོའི་པར་གཞི་དེ་ཧྥ་ནན་ཁེ་ཧྥུའི་དཔེ་དེབ་འགྲེམས་སྟོན་དུ་འཛམ་གླིང་ལ་ཐོག་མར་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:སྡེ་ཚན་དྲུག་གིས《སྨན་རྫས་བཟོ་ལས་འཕེལ་རྒྱས་འཆར་འགོད་ཀྱི་ཕྱོགས་སྟོན》པར་འགྲེམས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།