སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་གཟབ་རྒྱས་ངང་ཚོགས་འགོ་ཚུགས།

ཡེ་ཤེས་མགོན་པོས་བསྒྱུར།        2016-11-04

སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་གཟབ་རྒྱས་ངང་ཚོགས་འགོ་ཚུགས།
སྐབས་བརྒྱད་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མཉམ་ལས་བགྲོ་གླེང་འཛུགས་གཉེར་བྱས།སྤྱི་ཟླ11པའི་ཚེས3ཉིན་གྱི་སྔ་དྲོར། སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དང་སྐབས་བརྒྱད་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མཉམ་ལས་བགྲོས་གླེང་དེ་ཁྲེང་ཏུའུ་ལ་གཟབ་རྒྱས་ངང་ནས་འཛུགས་གཉེར་བྱས་པ་རེད།   རྒྱལ་དོན་ཨུ་ཡོན་ཝང་ཡུང་འགོ་ཚུགས་ཚོགས་འདུ་དང་བགྲོས་གླེང་ནང་ཞུགས་ནས་བཞེད་དོན་གསུང་བཤད་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཆིན་རྨིང་འགོ་ཚུགས་ཚོགས་འདུ་དང་བགྲོ་གླེང་ནང་ཞུགས་པ་རེད།
ཀི་ལེ་ཡ།འཇར་མན། ཨ་ཧྥུ་ཧན།པའོ་ཧེན། ཨུ་རུ་སུ་རྒྱལ་ཁབ་སོགས་ཀྱི་འགོ་ཁྲིད་དང་འབྲེལ་ཡོད་ཆེད་རམས་པ་དང་།  རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་བཅས་འགོ་ཚུགས་ཚོགས་འདུ་དང་བགྲོ་གླེང་ནང་ཞུགས་པས་མ་ཚད་ཁག་བགོས་ནས་གསུང་བཤད་གནང་བ་རེད། 
ཐེངས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གིས་ཤིས་ཚིག་ཕུལ་བ་རེད། 
ཝང་ཡུང་གིས་བསྟན་དོན།བརྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་འདི་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་བརྗིད་ཉམས་ལྡན་པའི་འཐབ་ཇུས་དགོངས་གཞིགས་ཡིན་ཞིང་།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བསྔགས་བརྗོད་དང་མཐོང་ཆེན་བྱས་ནས་བརྒྱུད་གཅིག་ལམ་གཅིག་བརྒྱུད་ཡུལ་རྒྱལ་ཁབ་ཚོས་དང་ལེན་ཧུར་ཐག་བྱས་དང་བྱེད་བཞིན་ཡོད་པ་རེད། ནུབ་རྒྱུད་ས་ཁུལ་ནི་དར་གོས་འགྲུལ་ལམ་འགོ་ཚུགས་ས་ཡིན་པས་དམིགས་བསལ་གྱི་ས་ཁམས་ཆགས་སའི་དགེ་མཚན་ལྡན་པར་བརྟེན། རེས་གསར་པར་སྒོ་འབྱེད་བྱེད་སའི་མདུན་གྲས་སུ་གནས་ཡོད་པ་རེད། ཐེངས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱིས་བརྒྱུད་གཅིག་ལམ་གཅིག་བསྐྲུན་ནས་ཐུན་མོང་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་རྒྱུས་བརྗོད་གཞི་གཙོ་བོ་བྱས་པ་དེའི་ཐོག་ནས་བརྒྱུད་གཅིག་ལམ་གཅིག་བརྒྱུད་ཡུལ་རྒྱལ་ཁབ་ཀྱི་ཐུན་མོང་གི་རེ་འདུན་མཚོན་པ་རེད། 
ཝང་ཏུང་མིང་གིས་ཤིས་ཚིག་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་དངོས་མང་སྟོན་ཚོགས་དང་བགྲོ་གླེང་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་དང་། ཐག་རིང་ནས་ཕེབས་པའི་འགོ་ཁྲིད་རྣམ་པ་དང་སྐུ་མགྲོན་རྣམ་པ། གྲོགས་པོ་རྣམ་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས་པ་རེད། ཁོང་གིས་གསུང་དོན། སྒོ་འབྱེད་མཉམ་ལས་བྱ་རྒྱུ་ནི་འཛམ་གླིང་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ཆེན་པོ་ཞིག་རེད། ཁེ་ཕན་མཉམ་ཐོབ་ནི་ས་གནས་སོ་སོའི་མི་དམངས་ཚོའི་ཐུན་མོང་གི་རེ་འདུན་རེད། ཐེངས་འདིར་གཉེར་པའི་བགྲོས་གླེང་འདིས་བརྒྱུད་གཅིག་ལམ་གཅིག་བསྐྲུན་ནས་ཐུན་མོང་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་རྒྱུས་བརྗོད་གཞི་གཙོ་བོ་བྱས་པ་ནི་རྒྱལ་ཁབ་དང་ས་གནས་སོ་སོ་བརྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གལ་ཆེ་བའི་ལས་སྟེགས་ནང་ཞུགས་ནས་གོ་སྐབས་མཉམ་འཛིན་དང་ཐུན་མོང་དུ་མཉམ་ལས། ཁེ་ཕན་མཉམ་ཐོབ་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་སྐྲུན་བྱ་རྒྱུར་རེ་བ་བཅངས་པ་ཡིན། ཝང་ཏུང་མིང་གིས་གསུངས་དོན། སི་ཁྲོན་ནི་བརྒྱུད་གཅིག་ལམ་གཅིག་འཛོམས་སའི་ས་གནས་གལ་ཆེན་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ལ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་འཕེལ་རྒྱས་གཏང་རྒྱུའི་འཐབ་ཇུས་ལ་བསྒྱུར་བའི་ངེས་ཤུགས་སྲུང་འཛིན་བྱ་རྒྱུར་དོ་ཁུར་བྱས་མཐར། སྔར་ཡོད་མྱོང་བའི་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་ཆེན་པོ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་མདུན་ལམ་གྲུབ་དང་འགྲུབ་བཞིན་ཡོད་པ་རེད། 
ཤེས་རྟོགས་བྱུང་བར་གཞིགས་ན། དངོས་མང་སྟོན་ཚོགས་འདི་སྤྱི་ཟླ11པའི་ཚེས14ཉིན་མཇུག་བསྒྲིལ་རྒྱུ་རེད། དེའི་སྐབས་སུ་རིགས་སྣ་ཚོགས་ཀྱི་མ་དངུལ་གཏོང་འཇོག་ལ་སྐུལ་སྤེལ་དང་ཉོ་ཚོང་མཉམ་ལས་ཀྱི་བྱེད་སྒོ75སྤེལ་རྒྱུ་ཡིན་པ་རེད། །
  • ལེ་ཚན་སྔོན་མ།:སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུའི་སྟེང་གཏན་འབེབས་བྱས་པའི་བརྡ་ཆད་གསར་པ།
  • ལེ་ཚན་རྗེས་མ།:ཡེ་ཤེས་ཟླ་བས་དཀར་མཛེས་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་དུ་སྐོར་གཟིགས་གནང་།
  • དོ་སྣང་ཆེ་བའི་རྩོམ།