སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་མཇུག་བསྒྲིལ།

སྐལ་ཐུབ་དང་མཁས་གྲུབ།        2016-11-03

ཟླ་བ10པའི་ཚེས26ཉིན། སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་བསྒྲིལ་བ་རེད། ཚོགས་ཐོག་གནས་བབ་གསར་པའི་འོག་ཏུ་འདུ་ཤེས་གསར་བཅངས་དང་བྱེད་ཐབས་གསར་བསྐྲུན་བྱས་ཏེ་བོད་སྐད་འཕྲིན་སྦྱོར་ཁག་སྤེལ་རེས་མཉམ་ལས་དང་སྲོལ་རྒྱུན་འཕྲིན་སྦྱོར་དང་གསར་དར་འཕྲིན་སྦྱོར་མཉམ་འདྲེས་གོང་འཕེལ་གཏོང་བ། རང་རྒྱལ་གྱི་བོད་སྐད་འཕྲིན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་བཏང་ནས་གླེང་ཕྱོགས་ཁྲིད་སྟོན་གྱི་གནས་བབ་གསར་པ་འཛུགས་པ་བཅས་ཀྱི་ཐད་ལ་བགྲོ་གླེང་ཞིབ་ཕྲ་བྱས་པ་རེད།
ཚོགས་འདུ་འཚོག་རིང2016ལོ་འཁོར་གྱི་བོད་སྐད་འཕྲིན་སྦྱོར་ཁག་ཏུ་བཀོད་པའི་གསར་འགྱུར་དང་འགྱུར་ཡིག་ཡག་པོ། པར་ངོས་ཡག་པོ། གཏམ་བརྗོད་དང་དཔྱད་རྩོམ་ཡག་པོ་སོགས་ཀྱི་བརྩམས་ཆོས218ལ་ཞིབ་དཔྱད་བྱས་ཤིང་། དེའི་ནང་དུ་ཨང་དང་པོའི་བྱ་དགའ35དང་ཨང་གཉིས་པའི་བྱ་དགའ67  ཨང་གསུམ་པའི་བྱ་དགའ72བཅས་བདམ་པ་དང་། འཕྲིན་སྦྱོར་ཁག་གིས་བསྡུས་པའི་ཐ་སྙད་གསར་པ85ལ་ཞིབ་བཤེར་གཏན་འབེབས་བྱས་པ་རེད། ངེད་ཚགས་པར་ཁང་གིས་འོས་སྦྱོར་བྱས་པའི་བརྩམས་ཆོས11ལ་བྱ་དགའ་ཐོབ་ཅིང་། དེའི་ནང་དུ་ཨང་དང་པོ་གཅིག་དང་གཉིས་པ་བཞི། གསུམ་པ་དྲུག་བཅས་ཡོད་པ་རེད།
ཚོགས་ཐོག་ཁྱོན་ཡོངས་ནས་འཕྲིན་སྦྱོར་མཉམ་འདྲེས་གོང་འཕེལ་གཏང་རྒྱུ་ནི་འབྱུང་འགྱུར་དུས་རིམ་གྱི་ལས་ཀ་གལ་ཆེན་ཞིག་ཡིན་པར་མ་ཟད། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡོངས་སུ་འཚམ་པ་དང་། འཕྲིན་སྦྱོར་ཀུན་འདུས་ཀྱི་ནང་དོན་དེ་ཚིག་ཉུང་དོན་འདུས་ཤིང་སྤྲོ་བ་བསྐྱེད་ཅིང་མགྱོགས་སྐྱེན་ཆེ་བ། ཡིད་དབང་འགུགས་ཤུགས་ཆེན་པོ་ཡོད་པའི་ཕྱོགས་སུ་འགྲོ་གང་ཐུབ་བྱ་རྒྱུ་དང་། གཟུགས་རིས་སྒྲ་ཡིག་སོགས་ཕྱོགས་མང་མཉམ་སྤེལ་གྱི་བརྒྱུད་སྒྲོག་རྣམ་པ་ཞིག་ཆགས་སུ་འཇུག་དགོས་ཤིང་། བརྩམས་ཆོས་བསྐུར་བའི་གོ་རིམ་དང་ཞིབ་དཔྱད་ནང་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྤུས་འབོར་གཉིས་ལྡན་གྱི་བརྩམས་ཆོས་གང་མང་ལ་ཞིབ་དཔྱད་བྱེད་ཐུབ་པ་དང་། རྒྱལ་ཡོངས་གསར་འགོད་པའི་མཐུན་ཚོགས་ཀྱི་ཡན་ལག་མཐུན་ཚོགས་སུ་འགྱུར་བའི་ལས་ཀ་ཇེ་མགྱོགས་སུ་སྤེལ་ཏེ་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་དེ་བོད་སྐད་འཕྲིན་སྦྱོར་ཁག་གིས་སྤེལ་རེས་མཉམ་ལས་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བའི་ཚད་ལྡན་ཅན་གྱི་གཞི་སྟེགས་སུ་བསྐྲུན་ནས་རྒྱལ་ཡོངས་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་བརླིང་། དམངས་འཚོ་བཅས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དམར་དམག་རྒྱང་སྐྱོད་ལས་རྒྱལ་ཁ་ཐོབ་ནས་ལོ༨༠འཁོར་བར་དྲན་གསོ་བྱས་པའི་པར་རིས་འགྲེམས་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།