བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-06-03
བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་གླིང་སྒོ་ཕྱེས་པའི་མཛད་སྒོ་བསྡུས་པ།
ན་ཆུང་བྱིས་པ་རྣམས་བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་གླིང་དུ་སྤྲོ་དགའི་དཔལ་ལ་རོལ་བཞིན་པ།
ཟླ6པའི་ཚེས1ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྣེའུ་གྲོང་ཁུལ་གསར་བ་ན་བསྐྲུན་པའི་བདེ་སྐྱིད་ནོར་བུའི་བྱིས་པའི་དགའ་ཚལ་གླིང་ལེགས་འགྲུབ་བྱུང་ནས། དྲུག་གཅིག་བྱིས་པའི་དུས་ཆེན་ལ་ན་ཆུང་བྱིས་པ་རྣམས་ལ་ཕུལ་བའི་ལེགས་སྐྱེས་ཤིག་གི་ཚུལ་དུ་དངོས་སུ་སྒོ་ཕྱེས་ནས་ཐོག་མའི་མགྲོན་པོ་བསུ་འགོ་བརྩམས་པ་རེད།
བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ22685ཡོད་པ་དང་། སྤྱིའི་མ་དངུལ་སྒོར་ཁྲི7500བཏང་ཞིང་། དགའ་ཚལ་གླིང་འདིས་ན་གཞོན་དང་ལོ་ཆུང་བྱིས་པར་ཁ་ཕྱོགས་ནས་ཇུས་འགོད་བྱས་ཡོད་པར་མ་ཟད། གནས་སྐོར་བ་རྣམས་ཀྱིས་རོལ་རྩེད་བྱེད་པ་ལའང་འཕྲོད་པའི་དེང་རབས་ཅན་གྱི་གྲོང་ཁྱེར་གྱི་སྤྲོ་རྩེད་བྱེད་གནས་ཤིག་ཡིན་ཞིང་། དགའ་ཚལ་གླིང་འདི་སྤང་ཐང་གཙོར་བྱས་པའི་སྤྱི་ཕན་རང་བཞིན་དང་ཀློད་ཡངས་རང་བཞིན་གྱི་གྲོང་ཁྱེར་སྤྱི་གླིང་ཞིག་ཏུ་བསྐྲུན་པའི་ཁར། སྐྱེ་ཁམས་དང་རིག་གནས། སློབ་གསོ། སྤྲོ་གསེང་། རོལ་རྩེད་བཅས་གཞི་གཅིག་ཏུ་གྲུབ་ཅིང་། དུས་རབས་ཀྱི་ཁྱད་ཆོས་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་དོད་པོར་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་རེད།
ན་ཆུང་བྱིས་པ་རྣམས་བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་གླིང་དུ་སྤྲོ་དགའི་དཔལ་ལ་རོལ་བཞིན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10