མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-29
སྤྱི་ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུན་ཁྲི་ཐུའུ་པུའུ་ཞིན་ཚོགས་གཙོ་ཡིན་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
སྤྱི་ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུན་ཁྲི་ཐུའུ་པུའུ་ཞིན་ཚོགས་གཙོ་ཡིན་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས27ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུན་ཁྲི་ཐུའུ་པུའུ་ཞིན་ཚོགས་གཙོ་ཡིན་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་ཐན་ཙན་ནི་ཡ་ནས་གཏམ་བཤད་སྤེལ་སྐབས་ཀྲུང་གོའི་བར་གྱི་འབྲེལ་བར་གཙིགས་འཛིན་བྱེད་རྒྱུ་ཡིན་པ་ནན་བཤད་བྱས་པ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཕན་ཐོགས་ཡོད་པར་མ་ཟད། ཀྲུང་གོ་དང་མོང་གོལ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡང་རིགས་མཐུན་གྱི་ཕན་ཐོགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མོང་གོལ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་མོང་གོལ་མི་དམངས་ཏང་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཐད་ལ་འབད་བརྩོན་ལྷོད་མེད་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མོང་གོལ་རྒྱལ་ཁབ་ཀྱི་སྲིད་ཏང་གཙོ་བོའི་བར་གྱི་འཛའ་མཐུན་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་དེ་ཕུན་མོང་གི་འཕེལ་རྒྱས་གྲུབ་འབྲས་སུ་བསྒྱུར་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་འདོད་ཡོད་ཟེར།
ཨུན་ཁྲི་ཐུའུ་པུའུ་ཞིན་གྱིས་བཤད་རྒྱུར། མོང་གོལ་མི་དམངས་ཏང་གིས་རྒྱལ་ཁབ་གཉིས་དང་ཏང་གཉིས་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཝང་ཅ་རོས་མཇལ་འཕྲད་ལ་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10