ཞི་ཅིན་ཕེན་གྱིས་པ་ཞིའི་ཙུང་ཐུང་ལའོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-03-29

ཞི་ཅིན་ཕེན་གྱིས་པ་ཞིའི་ཙུང་ཐུང་ལའོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་བ།
སྤྱི་ཟླ3པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་ནས་པ་ཞིའི་ཙུང་ཐུང་ལའོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་།

 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ3པའི་ཚེས27ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་ནས་པ་ཞིའི་ཙུང་ཐུང་ལའོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་པ་ཞི་ནི་ཀྲུང་གོའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཐོག་མ་ཡིན་ལ། ཀྲུང་གོ་དང་པ་ཞིའི་བར་གྱི་འབྲེལ་བ་དེ་ཕྱོགས་གཉིས་ཀའི་ཁྱབ་ཁོངས་ལས་བརྒལ་ཡོད་པ་དང་། འཐབ་ཇུས་རང་བཞིན་དང་འཛམ་གླིང་རང་བཞིན་གྱི་ཤུགས་རྐྱེན་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོ་ཚང་མས་ཕ་རོལ་ཕྱོགས་ཀྱི་འཕེལ་རྒྱས་དེ་རང་ཉིད་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཏུ་བརྩི་བ་དང་། ཕན་ཚུན་གྱི་མཉམ་ལས་དེ་འགྱུར་བ་མེད་པའི་འཐབ་ཇུས་གདམ་གསེས་ཤིག་ཏུ་བརྩི་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པ་ཞིའི་བར་གྱི་འབྲེལ་བ་གཙིགས་ཆེན་དུ་འཛིན་པ་དང་། པ་ཞི་ཕྱོགས་དང་ལྷན་དུ་ཀྲུང་གོ་དང་པ་ཞིའི་བར་གྱི་འབྲེལ་བ་དེ་དཔལ་འབྱོར་འཛམ་གླིང་ཅན་གྱི་ཕྱོགས་སུ་སྤེལ་བའི་ཆ་རྐྱེན་འོག་གི་རྒྱལ་ཁབ་བར་གྱི་འབྲེལ་བ་གསར་བའི་མིག་དཔེར་འགྱུར་བར་ཡར་སྐུལ་བྱེད་འདོད་ཡོད་ཅེས་བསྟན།

  ལིས་ཁི་ཆང་གིས་ཀྲུང་གོ་དང་ཕ་ཞི་ཕྱོགས་གཉིས་ཀས་རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་དང་། བཟོ་སྐྲུན་ལས་རིགས་དང་། ནུས་ཁུངས། གཏེར་ཐོན། ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མཁའ་འགྲུལ་མཁའ་སྐྱོད། ཚན་རྩལ་གསར་སྐྲུན་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལེགས་སྒྲུབ་དང་། ཕྱོགས་གཉིས་ཀའི་ཉོ་འཚོང་སྣ་མང་ཅན་དུ་བསྒྱུར་བར་ཧུར་ཐག་སྒོས་ཡར་སྐུལ་བྱེད་དགོས་པ་དང་།། ཕྱོགས་གཉིས་ཀས་དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་ལས་ཁྲོད་བྱུང་བའི་རྩོད་གཞི་ལ་ཁེ་ལས་ཀྱིས་ཁ་གཏད་གང་ལེགས་འཇལ་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།

  རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་ཀྲུང་གོ་དང་པ་ཞིའི་བཟོ་ཚོང་གླེང་སྟེགས་འཛུགས་པར་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཁེ་ལས་བར་མཉམ་ལས་བྱེད་པར་འཐད་པ་བྱུང་།  །


 

  • ལེ་ཚན་སྔོན་མ།:ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གིས་བོད་ཀྱི་ཡུལ་སྐད་འགྲན་སྡུར་སྐབས་ལྔ་བ་སྤེལ་བ།
  • ལེ་ཚན་རྗེས་མ།:ལིག་ཡུན་ཧྲན་གྱིས་ཨུན་ཁྲི་ཐུའུ་པུའུ་ཞིན་ཚོགས་གཙོ་ཡིན་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕ
  • དོ་སྣང་ཆེ་བའི་རྩོམ།