བོད་ལྗོངས་ཀྱི་རིག་གནས་ལ་ཉམས་སུ་མྱོང་།

        2016-04-27

ཉེ་དུས།  བོད་ལྗོངས་ལྷ་སའི་བར་སྐོར་ཁྲོམ་ལམ་ལྷོ་མར་ཆགས་པའི་ལྷ་རི་རྙིང་པའི་རྒྱ་ར་ཆེན་པོར།  བོད་ཀྱི་རིག་གནས་མྱོང་ཚོར་ཁང་དེའི་སྒོ་ཕྱེ་སྟེ་འགྲུལ་པར་བསུ་མ་ཞུས། དེ་གར་རིན་པ་མི་དགོས་པར་ཇ་འཐུང་བ་དང་།  དཔེ་དེབ་ལྟ་བ།  མངར་ཟས་ཁ་ཏོག་བཟའ་ཆོག་པར་མ་ཟད།  ད་དུང་བོད་ཀྱི་སྤོས་བཟོ་ལུགས་དང་། ཐང་ཀའི་ཚོན་རིས།  བསྲུབས་ཇ་བཟོ་ལུགས་སོགས་ཉམས་སུ་མྱོང་ཐུབ། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་མྱུར་དུ་གོང་འཕེལ་བྱུང་བར་བརྒྱུད། བོད་ལྗོངས་ཀྱི་རིག་གནས་ལ་ཤེས་རྟོགས་དང་ཉམས་སུ་མྱོང་པ་དེ་རིམ་གྱིས་ཡུལ་སྐོར་གྱི་དར་སྲོལ་དུ་གྱུར་ཡོད།  འདི་ནི་བོད་ཀྱི་རིག་གནས་མྱོང་ཚོར་ཁང་གིས་འགྲུལ་པར་འདོན་སྤྲོད་བྱེད་པའི་བོད་ལུགས་ཀྱི་མངར་ཟས་ཁ་ཏོག་རེད།
  • ལེ་ཚན་སྔོན་མ།:རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྟ་ཐོག་ཉེན་སྲུང་རུ་ཁག
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལོ་ལྔའི་འཆར་འགོད་ཨང་བདུན་པ་བརྒྱུད་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།