བོད་ལྗོངས་ཉིན་རེའི་ཚགས་པར། 2016-11-01
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཚོས་འཕྲལ་མར་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ནང་དོན་ལ་དོ་ཁུར་དང་ཤེས་རྟོགས་བྱས་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། ཚང་མས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། ཏང་ནན་པོས་སྐྱོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་རྣམ་པ་ཐུན་མོང་ཐོག་གཏོད་པ། སྔར་བས་ཏན་ཏིག་ངང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གོང་འོག་བློ་སེམས་གཅིག་མཐུན་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཚེས28ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཨུད་ཀྱིས་རྒྱུན་ཨུད་ཚོགས་འདུ་ཐེངས72པ་འཚོགས་ནས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་སླད་ཕྱིན་གྱི་ལས་དོན་ཁྲོད། གཅིག་ནས་ཕྱོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཏིང་ཟབ་དང་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་དང་བསམ་བློ་གཅིག་གྱུར་ཡོང་བ་བྱས་ཏེ། རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དད་སེམས་ལ་ཞིབ་ལྟ་བྱེད་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་སྔར་བས་བརྟན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་པ། གསུམ་ནས་ཕྱོགས་ཡོངས་ནས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དམངས་གཙོའི་ཚོགས་འདུ་འཚོག་པ་དང་། དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་དུ་འཇུག་པ། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་དུ་བྱས་ནས་མི་སྣ་གདམ་སྤྱོད་བྱེད་པའི་སྟོན་ཕྱོགས་མཐའ་འཁྱོངས་བཅས་བྱེད་པ། བཞི་ནས་ཐབས་ཇུས་གལ་ཆེན་བཀོད་སྒྲིག་མ་བྱས་གོང་ངེས་པར་དུ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་དགོས་པའི་ནན་བཤད་གནང་བ་རེད།
ཚེས28ཉིན་གྱི་ཕྱི་དྲོར། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཏང་ཙུའུ་ཡིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ། ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་རེད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲུན་ལའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཚོགས་འདུར་ཕེབས་པ་རེད། ཚོགས་འདུའི་ཐོག དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། ནང་དོན་གཏིང་ཟབ་ཁོང་དུ་ཡང་དག་ཆུད་པ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བཅས་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རང་རྟོགས་རང་བཞིན་དང་འགན་འཁྲིའི་སེམས་པ་ནན་དུ་ཤུགས་ཆེན་གཏོང་དགོས་པ་དང་། ཇི་མ་ཇི་བཞིན་སློབ་སྦྱོང་དང་གོ་བ་བླངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་ལ་གཏིང་ཟབ་ཟུག་པ་འགན་ལེན་དང་། སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་མཐའ་འཁྱོངས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་དོན་ལ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཚེས28ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལས་བྱེད་ལས་བཟོའི་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག རྩ་འཛུགས་སྡེ་ཚན་ནི་ཏང་ཨུད་ཀྱི་འགན་ནུས་སྡེ་ཚན་གལ་ཆེན་གྱི་ངོས་ནས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ཉེན་ཁ་འགོག་ནུས་དང་རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་མཐའ་འཁྱོངས་ཀྱིས་སྦྱངས་པ་གོ་ཆོད་དང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ཚེ་སྲོག་ལྟ་བུར་བརྩིས་ནས་གནས་བབ་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱེད་པ་དང་། སྔ་བར་ཕྱི་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་སྔ་བར་ཕྱི་གསུམ་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།“ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ཞུགས་དམ་ཚིག་བརྟན་པོར་ངེས་པ་དང་ཅའོ་ཡུས་ལུའུ་དང་། ཡང་ཧྲན་ཀྲོའུ་སོགས་དཔེ་བཟང་མི་སྣ་མིག་དཔེར་བཟུང་ནས་དམིགས་ཚད་གཞིར་བཟུང་གཏམ་སྤྱོད་ལ་ཞིབ་བཤེར་དང་གནས་ཚད་ཡོ་བསྲང་བྱེད་དགོས”ཞེས་རྩྭ་མདའ་རྫོང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཧན་ཝེ་ཧྲེང་གིས་བཤད།ངམ་རིང་རྫོང་རི་བོ་ཆེ་ཤང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཚེ་རིང་ཕན་ཐོགས་ཀྱིས“གཞི་རིམ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི‘ཆར་བརྟག་ཡོ་བྱད’དང‘རྡོ་ཀ་ཤུ་ཁ’ལྟ་བུ་ཡིན་པས། གལ་སྲིད‘གཞི་རིམ་མཁར་རྫོང’བརྟན་པོ་མེད་ཚེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཟེར་བ་གླེང་ཐབས་བྲལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས་བདེ་འཇགས་ཀྱི་འགག་སྒོ་འཐབ་ས་མདུན་མར་སྤོ་བ་མཐའ་འཁྱོངས་བྱེད་པ་དང་ལྟ་སྐུལ་འགན་འཁྲི་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས། ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་དེ་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་བཤད།
ཚེས29ཉིན་གྱི་ཕྱི་དྲོར། ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་གཞུང་དོན་ཐིང་གི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སློབ་སྦྱོང་གཏིང་ཟབ་དང་། དྲིལ་བསྒྲགས་རྒྱ་ཁྱབ། དོན་འཁྱོལ་ནན་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཅིང་། ལས་ཁུངས་ཏང་ཨུད་དང་ཏང(སྤྱི་ཁྱབ)ཀྲི་པུའུ་ཁག་གིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་དྲིལ་བསྒྲགས་འགྲེམས་པང་གཏོད་པ་དང་། རིགས་གཅིག་མཁས་ཅན་འཆད་ཁྲིད་བྱེད་པར་གདན་དྲངས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་རང་འགུལ་ངང་གླེང་སྟེགས་དང་སྐད་འཕྲིན་སོགས་ནས་དྲིལ་བསྒྲགས་ཧུར་ཐག་དང་གསལ་རྟོགས་གཏིང་ཟབ་བྱས་ཏེ། “སྲིད་གཞུང་གཞུང་དོན་སྒྲུབ་མཁན”གྱི་གཟུགས་བརྙན་བཟང་པོ་བཏོད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“ལས་འགན་བདུན”ལ་དམ་པོར་དམིགས་ཏེ། རང་འགུལ་ངང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཞིང་འབྲོག་མང་ཚོགས་ཀྱིས་ཉན་འདོད་པའི་བྱེད་ཐབས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་རྒྱག་དགོས། ཤེས་པ་དང་ལག་ལེན་ཟུང་འབྲེལ་དང་ཤེས་པས་ལག་ལེན་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་སྲིད་གཞུང་གཞུང་དོན་ཐིང་གི“སྒྲུབ་པ་གསུམ”དང“ཞབས་ཞུ་གསུམ”གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།ནག་ཆུ་ས་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་བདེ་སྐྱིད་སྒྲོལ་དཀར་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ཏང་ཀྲུང་དབྱང་གིས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས་བཏོན་པའི་སྤྱིའི་འཆར་འགོད་ཅིག་ཡིན་ལ། ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་གཉེར་འཐབ་ཇུས་རིམ་གྱིས་སྤེལ་བ་དང་སྐུལ་འདེད་གཏིང་ཟབ་གཏོང་བ་ཞིག་ཀྱང་ཟེར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ཀྱི་ལམ་བུ་མངོན་འགྱུར་བྱེད་པར། ང་ཚོའི་སྙིང་རུས་དང་སེམས་ཤུགས་བརྟན་པོ་ཡོད་དགོས་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་མུ་མཐུད་འདྲེན་པ་དང་། སྲིད་སྐྱོང་གི་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཉེན་ཁ་འགོག་ནུས་དང་རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། གཞི་རྩའི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10