བོད་ལྗོངས་འཕྲིན་དྲ། 2016-11-01
གྲ་སྣང་རྫོང་ཉི་འོད་སྣམ་བུ་བཟོ་གྲྭའི་ལས་མིས་བཙུགས་ཕྲུག་གི་གདན་འཐག་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་མ་ཟད་བོད་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ལ་ཡང་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་བྱུང་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་གིས་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བཏང་བ་དང་ཡུལ་སྐོར་ཁྲོམ་ར་དང་འབྲེལ་བ་དམ་ཟབ་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་རྟེན་གཞི་དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་གསོ་སྐྱོང་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྲ་སྣང་རྫོང་ཉི་འོད་སྣམ་བུ་བཟོ་གྲྭ་ནི་ཞིང་པ་མཉམ་ལས་བྱེད་པའི་ཁེ་ལས་ཆུང་གྲས་ཀྱི་རྨང་གཞིའི་ཐོག་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་བཙུགས་པའི་གཞི་ཁྱོན་ཆེ་བའི་སྣམ་བུའི་ཐོན་སྐྱེད་རྟེན་གཞི་ཞིག་ཡིན་པ་དང་། བཟོ་གྲྭ་དེར་ད་ལྟ་ལས་བཟོ་པ100ལྷག་ཡོད་པ་དང་ལོ་རེའི་ཡོང་འབབ་སྒོར་ཁྲི་ཚོ250ཙམ་ཡོང་གི་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10