རྒྱལ་ཁབ་དབུལ་སྐྱོན་ཉིན་མོར་རང་ཁུལ་གྱི་ལས་རིགས་སོ་སོས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ།

        2016-10-24

ལི་ཐང་རྫོང་གིས་ཞལ་འདེབས་ཕུལ་བའི་མ་དངུལ་སྒོར་ཁྲི24.8ལ་ཟིན།
སྤྱི་ཟླ17པའི་ཚེས17ཉིན། ལི་ཐང་རྫོང་གིས་གེ་སར་ཐང་ཆེན་དུ་དབུལ་སྐྱོར་ཉིན་མོར་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཏེ་ཞལ་འདེབས་ཕུལ་བའི་མ་དངུལ་སྒོར248303ལ་ཟིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞལ་འདེབས་ཕུལ་བའི་མ་དངུལ་ཚང་མ་ལི་ཐང་རྫོང་དགེ་སྒྲུབ་གཅེས་སེམས་ཐེབས་རྩའི་རྩིས་ཐོའི་ནང་བཞག་ནས《ལི་ཐང་རྫོང་གི་དགེ་སྒྲུབ་གཅེས་སེམས་དགེ་སྒྲུབ་ཐེབས་རྩ་དོ་དམ་བྱེད་ཐབས》ལྟར་དོ་དམ་དང་བཀོལ་སྤྱོད་བྱ་རྒྱུ་ཡིན་པས་མ་ཚད། རྩིས་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་རྩིས་བཤེར་ལྟ་ཞིབ་བྱེད་པར་དང་ལེན་བྱ་རྒྱུ་རེད། གཅེས་སེམས་མ་དངུལ་བེད་སྤྱོད་བྱེད་སྐབས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིབ་བཤེར་ཆོག་མཆན་གནང་རྗེས། ཞལ་འདེབས་རྒྱག་པའི་གནས་ཚུལ་དང་ཞལ་འདེབས་བརྒྱག་རྒྱུའི་འཆར་འགོད་ཡོངས་བསྒྲགས་བྱེད་དགོས་པ་རེད།
རོང་བྲག་རྫོང་གི་སློབ་ཆུང་དགེ་རྒན་གྱིས་དབུལ་ཕོངས་མང་ཚོགས་ལ་ཞལ་འདེབས་ཕུལ།
སྤྱི་ཟླ10པའི་ཚེས17ཉིན། རོང་བྲག་རྫོང་གྲོང་ཁུལ་སློབ་ཆུང་གིས་དབུལ་སྐྱོར་ཉིན་མོར་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རང་གི་གཅེས་སེམས་ཕུལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་བྱེད་སྒོའི་ནང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་མ་དངུལ་ཁྱོན་བསྡོམས་སྒོར4200ཞལ་འདེབས་ཕུལ་ཡོད་པ་རེད།
དཔལ་ཡུལ་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱི་ལས་བཟོ་ཡིས་དབུལ་སྐྱོར་ཉིན་མོར་གཅེས་སེམས་ཕུལ།
སྤྱི་ཟླ10པའི་ཚེས17ཉིན། དཔལ་ཡུལ་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ནས་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་མ་ལག་ནང་གི་ལས་སྒྲུབ་མི་སྣ་ལ་ཞལ་འདེབས་འབུལ་རྒྱུའི་སྐུལ་སློང་བྱས་པ་རེད།
ཅུས་དེའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་ཉིན་གཅིག་གི་གླ་ཕོགས་ཞལ་འདེབས་བརྒྱབ་རྗེས་ཅུས་ཡོངས་ཀྱི་ལས་བཟོ་ཚོས་མ་དངུལ་སྒོར8900ཞལ་འདེབས་ཕུལ་བ་དང་ལས་ཁུངས་ཀྱིས་མ་དངུལ་སྒོར2000ཞལ་འདེབས་ཕུལ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་།
  • ལེ་ཚན་རྗེས་མ།:ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།