ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།

སྐལ་ཐུབ་དང་མཁས་གྲུབ།        2016-10-24

ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།

ཟླ་བ10པའི་ཚེས24ཉིན།ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོག་འགོ་ཚུགས་པ་རེད།
བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལེ་པིང་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ལུའོ་ཅ་ཞིང་འགོ་ཚུགས་མཛད་སྒོར་ཞུགས་ཤིང་གསུང་བཤད་གནང་བ་དང་།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་ཆན་ཞིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་རེད།

ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།
ཚོགས་རའི་ཡུལ་དངོས། 

རྒྱལ་ཡོངས་ཀྱི་འཕྲིན་སྦྱོར་ལས་ཁུངས་དང་ཁེ་ལས་སོགས་ལས་ཁུངས37དང་། མི་གྲངས70ལྷག་གིས་ཉིན་གསུམ་རིང་ལ་ཚགས་པར་དང་དུས་དེབ། དྲ་བ། རྒྱང་སྒྲོག་བརྙན་འཕྲིན་སོགས་ཀྱི་བརྩམས་ཆོས210ལ་ཞིབ་དཔྱད་བྱ་རྒྱུ་དང་། གསར་བྱུང་ཐ་སྙད100ལྷག་ལ་ཞིབ་དཔྱད་གཏན་འབེབས་བྱ་རྒྱུ་ཡིན་པར་མ་ཟད། སྲོལ་རྒྱུན་འཕྲིན་སྦྱོར་དང་གསར་དར་འཕྲིན་སྦྱོར་བར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་ལ་བསམ་འཆར་འདོན་ལེན་དང་ཉམས་མྱོང་སྤེལ་རེས་བྱ་རྒྱུ་རེད།

ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།
ཚགས་པར་སྐོར་གྱི་བརྩམས་ཆོས་ལ་ཞིབ་དཔྱད་བྱེད་བཞིན་པ།ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།

དུས་དེབ་སྐོར་གྱི་བརྩམས་ཆོས་ལ་ཞིབ་དཔྱད་བྱེད་བཞིན་པ།ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།

དྲ་བའི་སྐོར་གྱི་བརྩམས་ཆོས་ལ་ཞིབ་དཔྱད་བྱེད་བཞིན་པ།ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།

ཐ་སྙད་གསར་པའི་སྐོར་ལ་ཞིབ་དཔྱད་བྱེད་བཞིན་པ།ཐེངས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་ཡུན་ནན་བདེ་ཆེན་ཁུལ་དུ་འཚོགས།

རྒྱང་སྒྲོག་བརྙན་འཕྲིན་སྐོར་གྱི་བརྩམས་ཆོས་ལ་ཞིབ་དཔྱད་བྱེད་བཞིན་པ།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་དབུལ་སྐྱོན་ཉིན་མོར་རང་ཁུལ་གྱི་ལས་རིགས་སོ་སོས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:སི་ཁྲོན་བོད་ཆའང་དབྱིས་རིགས་ཀྱི་རོལ་དབྱངས་འཕེལ་རྒྱས་བརྗེ་སྤེལ་གྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།