སི་ཁྲོན་ཞིང་ཆེན་གྱིས་དབྱེ་མཚམས་བཅད་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཆེས་དམའ་བའི་ཚད་གཞིའི་སྤྱིའི་གཞི་ཁྱོན་དེས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་གྱི་བཅུ་ཆ་བཞི་ཟིན།

གངས་སྐྱིད་ཀྱིས་བསྒྱུར།        2016-10-17

ཞིན་ཧྭ་གསར་འགྱུར་ཁང་ཁྲེན་ཏུའུ་ནས་འབྱོར་བའི་གཏམ་གསར།   ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ཟླ་བ9པར་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་དགེ་རྒན7ལ་མི་ཚེ་གཅིག་ལ་སློབ་གསོར་ཞུགས་པའི་དཔེ་བཟང་ཅན་གྱི་མཚན་སྙན་གནང་བ་དང་མི་རེར་སྒོར་ཁྲི10ཡི་བྱ་དགའ་ཆེན་པོ་སྤྲད་པ་རེད།
2012ལོར་ཁྱབ་བསྒྲགས་བྱས་པའི《རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་དགེ་རྒན་རྣམས་མི་ཚེ་གཅིག་ལ་སློབ་གསོར་ཞུགས་པར་སྐུལ་མ་གཏོང་བའི་བྱེད་ཐབས》ལྟར། རྔ་བ་ཁུལ་གྱི་སྤྱིར་བཏང་གི་སློབ་ཆུང་དང་། ལས་རིགས་སློབ་གྲྭ།  བྱིས་པ་ཁང་བཅས་སུ་མུ་མཐུད་ནས་ལོ3༠ཡི་རིང་དགེ་རྒན་བྱས་ཡོད་པར་མ་ཟད།  ད་དུང་དེའི་ཁྲོད་ཁུལ་རིམ་པ་དང་དེའི་ཡན་ཆད་ཀྱི་བྱ་དགའ་ཐེངས་གསུམ་ཐོབ་མྱོང་མཁན་གྱི་དགེ་རྒན་ལ་ལས་འཁྱུར་ངལ་གསོ་བྱེད་དུས་བྱ་དགའ་སྒོར་ཁྲི10ཐོབ་རྒྱུ་རེད།
ཐེངས་འདིའི་བྱ་དགའ་ཐོབ་པའི་དགེ་རྒན་ནང་རྔ་བ་ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཧྲུའུ་ཀྲང་ཀྲོའུ་ཞིའུ་ཧྭ་དང་། སི་ཁྲོན་ཞིང་ཆེན་ཝུན་ཁྲོན་སློབ་འབྲིང་གི་སེམས་ཁམས་རོགས་ཁྲིད་ཀྱི་དགེ་རྒན་ཀྲེན་མའོ་རུང་སོགས་དགེ་རྒན7འདུས་ཡོད། དེའི་ནང་བོད་རིགས་ཀྱི་དགེ་རྒན་གསུམ་དང་། ཆཱང་རིགས་ཀྱི་དགེ་རྒན་གསུམ། རྒྱ་རིགས་ཀྱི་དགེ་རྒན་གཅིག་ཡོད།
བྱ་དགའ་སྤྲོད་པའི་ལས་ཡུལ་དངོས་སུ་བརྙན་ཤེལ་ཆེན་པོའི་ཐོག་བྱ་དགའ་ཐོབ་མཁན་གྱི་དགེ་རྒན7སློབ་གསོར་ཞུགས་རིང་གི་གཟུགས་ལམ་པར་གཞི་ཐུང་ཐུང་རིམ་བཞིན་དུ་བཏང་ཡོད། ཁོ་ཚོའི་ནང་དགེ་རྒན་འགའ་ཤས་ཀྱིས་ཡུལ་དེ་གའི་སེམས་ཁམས་རོགས་ཁྲིད་ཁང་ཨང་དང་པོ་བཙུགས་ཡོད་ཅིང་།  འགའ་ཤས་ཀྱིས་ནད་གཞི་ལྗིད་མོ་ཕོག་པའི་སློབ་མ་དང་དགེ་རྒན་ལ་དགེ་བའི་མ་དངུལ་གྲབས་གསོག་བྱེད་རོགས་བྱས་ལ་འགའ་ཤས་ཀྱིས་ལུང་སྟོང་ནང་གི་སློབ་འབྲིང་དེ་ཡུལ་དེ་གའི་སློབ་རིགས་སྤར་རྒྱུའི་རྒྱུགས་ལེན་ནང་སྦྱངས་འབྲས་ཆེས་ཡག་པའི་སློབ་གྲྭར་བསྐྲུན་ཡོད།
རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་པས་བྱ་དགའ་ལམ་ལུགས་དེ་བཙུགས་པ་ནི་གཙོ་བོར་མི་རིགས་ས་ཁུལ་དུ་མི་ཚེ་གཅིག་ལ་སློབ་གསོར་འབད་པ་བྱེད་མཁན་གྱི་དགེ་རྒན་རྣམས་ལ་སྐུལ་མ་གཏོང་བའི་ཆེད་དུ་རེད་ཅེས་ཟེར།
  • ལེ་ཚན་སྔོན་མ།:རིན་ཆེན་ལྷ་མོས་རྒྱལ་ཡོངས་ཀྱི་བྲག་འཛེགས་ལེགས་སྐྱེས་ཀྱི་འགྲན་བསྡུར་ཁྲོད་དུ་ཨང་གཉིས་པ་བླངས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་གློག་དྲྭས་མ་དངུལ་སྒོར་དུང་ཕྱུར94བཏང་སྟེ་སི་ཁྲོན་གྱིས་ཞིང་ལས་གློག་དྲྭ་བཟོ་བཅོས་དང་རིམ་པ་སྤར་བར་ནུས་པ་བཏོན།
  • དོ་སྣང་ཆེ་བའི་རྩོམ།