སྐབས་བཅུ་གཉིས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་ལ་ཉེ།
ཀྲུང་གོའི་བོད་ལྗོངས། 2014-08-13
ཟླ8པའི་ཚེས5ཉིན་གྱི་སྔ་དྲོར། རྒྱུས་ལོན་བྱུང་བ་ལྟར་ན། གཞིས་རྩེ་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ8པའི་ཚེས26ཉིན་ནས་ཚེས31ཉིན་བར་སྤེལ་རྒྱུ་ཡིན་ཞིང་། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བརྗོད་བྱ་ནི་ངོ་མཚར་ལྡན་པའི་ཇོ་མོ་གླང་མ། ཡིད་དབང་འཕྲོག་པའི་དབུས་གཙང་། བཀྲ་ཤིས་པའི་གཞིས་ཀ་རྩེ་ཞེས་པ་དེ་ཡིན།
ཐེངས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ལས་དབུས་གཙང་ས་ཁུལ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་པ་གཙོར་བཟུང་ནས། བྱ་འགུལ་ཆེན་པོ་དགུ་དང་བྱེ་བྲག་གི་བྱ་འགུལ་དགུ་སྤེལ་རྒྱུ་རེད། མིག་སྔར། ཚོགས་རའི་འཛུགས་སྐྲུན་དང་། ལེ་ཚན་སྔོན་སྦྱོང་། དྲིལ་སྒྲོག་ཇུས་འགོད། གནས་སྐོར་སྣེ་ལེན། ཞབས་འདེགས་འགན་སྲུང་། ཁོར་ཡུག་སྒྲིག་བཅོས། བདེ་འཇགས་འགན་སྲུང་བཅས་ཀྱི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།