ཞིན་ཧྭ་གསར་འགྱུར་དྲ་བ། 2016-08-31
ཚེས་ཉེར་དགུ་ཉིན་སྔ་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་པེ་ཅིན་ནས་ཚོགས་མགོ་བརྩམས།
སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས་མགོ་བརྩམས། གྲོས་ཚོགས་ཀྱི་བརྗོད་དོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྒྱུ་རྩལ་དར་རྒྱས་གོང་འཕེལ་དུ་གཏོང་བར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་ནས་སྙན་ཞུ་ཕུལ།
ལིག་ཡན་ཏུང་གིས་སྙན་ཞུའི་ཁྲོད་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐེངས་འདིར་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དེས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྒྱུ་རྩལ་དར་རྒྱས་གོང་འཕེལ་དུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཐུབ་ཟེར། ལིག་ཡན་ཏུང་གིས་བསྟན་དོན། རིག་གནས་སྒྱུ་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་ལོ་གཉིས་ཀྱི་རིང་ལ་གསར་གཏོད་རང་བཞིན་གྱི་སྐྱེ་སྟོབས་ཐད་ལ་དགའ་འོས་པའི་འགྱུར་ལྡོག་བྱུང་བ་དང་རིག་གནས་སྒྱུ་རྩལ་གྱི་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་ཞིག་མངོན་ཡོད། མགོ་ཚུགས་ས་གསར་བ་ནས་རྐང་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་མཛུབ་སྟོན་བྱེད་པ་དང་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། རིག་གནས་སྒྱུ་རྩལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ལ་སྟོབས་དང་ལྡན་པའི་རིན་ཐང་སྣེ་ཁྲིད་ཀྱི་ནུས་པ་དང་རིག་གནས་གཅིག་འདུས་ནུས་པ། བསམ་བློ་གཅིག་གྱུར་གྱི་སྟོབས་ཤུགས་བཅས་འདོན་སྤྲོད་བྱེད་དགོས། མི་དམངས་དཀྱིལ་སྙིང་ཡིན་པའི་གསར་གཏོད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རླབས་ཆེན་དུས་རབས་ལ་བསྟོད་བསྔགས་དང་ཀྲུང་གོའི་སྙིང་སྟོབས་དར་སྤེལ་དུ་བཏང་ནས་ཀུན་སྤྱོད་ཀྱི་རིན་ཐང་ཡོད་པའི་བརྩམས་ཆོས་མང་པོ་གསར་རྩོམ་བྱེད་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཆི་ཏི་དང་ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧིག་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥིན། ཁྲིན་ཡོན། ལུའུ་ཀྲན་གུང་། ཀྲིག་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲོན། ཁྲིན་ཞའོ་ཀོང་། མཱ་ཕེ་ཧྭ། ལིག་ཞའོ་ཧྥུན། ཝང་ཆན་མེན་བཅས་གྲོས་ཚོགས་ལ་ཞུགས།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ