སྐབས་བཞི་བའི་ཨ་མདོའི་རྟ་རྒྱུག་འགྲན་སྡུར་མཛོད་དགེ་རྫོང་དུ་སྤེལ།

    རྔ་བའི་གསར་འགྱུར་དྲ་བ།    2016-08-01

སྐབས་བཞི་བའི་ཨ་མདོའི་རྟ་རྒྱུག་འགྲན་སྡུར་མཛོད་དགེ་རྫོང་དུ་སྤེལ།

 

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། སྐབས་བཞི་བའི་ཨ་མདོའི་རྟ་རྒྱུག་འགྲན་སྡུར་མཛོད་དགེ་རྫོང་ཧུང་ཞིང་གྲོང་རྡལ་གཟའ་རུ་རྩྭ་ཐང་ཆེན་མོ་ནས་སྤེལ་འགོ་བཟུང་ལ།  ཐེངས་འདིའི་འགྲན་སྡུར་དུ་སི་ཁྲོན་དང་ཀན་སུའུ་། མཚོ་སྔོན་སོགས་ཞིང་ཆེན་གསུམ་གྱི་འབྲོག་ཁུལ་གྱི་རྫོང་ཁག་༡༣གྱི་འགྲན་ཞུགས་པ་ཞུགས་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་ནི་ཨ་མདོའི་ཡུལ་གྱི་གཞི་ཁྱོན་ཅུང་ཆེ་བའི་རྟ་རྒྱུག་འགྲན་སྡུར་ཞིག་ཡིན་ལ། ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་དུ་བསྡོམས་སྒོར་ཁྲི་༦༨གྱི་བྱ་དགའ་སྟེར་རྒྱུ་དང་། འགྲན་སྡུར་ལ་ཚན་ཁག་༥་དང་རྣམ་གྲངས་མི་འདྲ་བ་༨ཡོད། ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་ལ་སོ་སོར་གསེར་རྟ་དང་དངུལ་རྟ། ཟངས་རྟའི་བྱ་དགའ་སྟེར་རྒྱུ་རེད།།

སྐབས་བཞི་བའི་ཨ་མདོའི་རྟ་རྒྱུག་འགྲན་སྡུར་མཛོད་དགེ་རྫོང་དུ་སྤེལ།

 

སྐབས་བཞི་བའི་ཨ་མདོའི་རྟ་རྒྱུག་འགྲན་སྡུར་མཛོད་དགེ་རྫོང་དུ་སྤེལ།

 

སྐབས་བཞི་བའི་ཨ་མདོའི་རྟ་རྒྱུག་འགྲན་སྡུར་མཛོད་དགེ་རྫོང་དུ་སྤེལ།

  • ལེ་ཚན་སྔོན་མ།:ཁྱུང་མཆུ་སྤང་ལྗོངས་ཆེན་མོའི་ནོར་གནག་རོལ་དབྱངས་དུས་སྟོན་གྱི་ཉིན་དང་བོ།
  • ལེ་ཚན་རྗེས་མ།:སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་ལྔ་བའི་བསྐྱར་འགྲན་འཕར་མ་གཡུ་གཞོང་རྐང་ཚ་ནས་མགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།