དྲྭ་སྦྲེལ་ལ་བརྟེན་པས་མཚོ་སྔོན་གྱི་འདྲེ་ཚེར་མས་ཕྱོགས་བཞིའི་འཛད་སྤྱོད་པའི་ཡིད་དབང་འཕྲོག

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2016-06-22

ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ནས་འབྱོར་བའི་གཏམ་གསར།   མཚོ་ནུབ་གྲོང་ཁྱེར་ཚགས་པར་ཐོག་ནས་གནས་ཚུལ་སྤེལ་བར་གཞིར་བཟུང་།    འདྲེ་ཚེར་མ་དམར་པོ་དང་ནག་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་ལས་ཁྲོད་ཀྱི་གཙོ་ཤུགས་དམག་ལྟ་བུར་གྱུར་པ་དང་།     དེ་དང་འབྲེལ་བའི་ཡང་བའི་བཟོ་ལས་ཀྱི་ཐོན་སྐྱེད་ཁེ་ལས་ཀྱང་གདོད་མའི་འདེབས་འཛུགས་དང་ལས་སྣོན་ནས་ཐོན་སྐྱེད་དང་།   མཁོ་སྤྲོད།  ཚོང་གཉེར་བཅས་གཞི་གཅིག་ཅན་གྱི་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད།འདྲེ་ཚེར་མའི་ཕྱིར་ཚོང་ཆེས་ཆེར་འཕར་བ་དེ་དོན་དངོས་ཐོག་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་དང་མཉམ་འབྲེལ་བྱས་པའི་འབྲས་བུ་ཞིག་ཡིན།  “མིག་སྔར་ང་ཚོ་རིམ་གྱིས་ཕྱོགས་སྒྱུར་བྱེད་འགོ་ཚུགས་ཏེ་གཙོ་གནད་འདྲེ་ཚེར་མ་ལས་སྣོན་དང་ཕྱིར་ཚོང་སྤུས་དག་ཐད་བཞག་ཡོད”ཅེས་མཚོ་སྔོན་གཙང་གསུམ་གངས་བཟའ་བཅའ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལི་ཝུའུ་ཞ་ཡིས་བཤད།    མཚོ་སྔོན་ཞིང་ཆེན་གྱི་བཟའ་བཅའ་ཐོན་སྐྱེད་ཁེ་ལས་གྲགས་ཅན་དེས  “མཚོ་སྔོན་གྱི་འདྲེ་ཚེར་མའི”མདུན་ལམ་ཡངས་པོ་བློ་ལ་བབས་པས་དུས་ཐོག་ཏུ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་།    ཉེ་བའི་ལོ་ཤས་རིང་གཙང་གསུམ་གངས་ཀྱིས་ཐོན་སྐྱེད་བྱས་པའི་འདྲེ་ཚེར་མའི་ཐོན་རྫས་སྣ་ཁ་གཉིས་བརྒྱ་ལྷག་ཟིན་པ་དང་།    དེའི་ཁོངས་གཏོགས་ཀྱི་མཚོ་སྔོན་གྱི་ཁྱད་ལྡན་བཟའ་བཅའ་སྣ་ཚོགས་ནི་དེ་བས་ཕུན་སུམ་ཚོགས་པོ་ཡོད།མཛེས་ལྗོངས་ཁུལ་རྣམ་པའི་ཕྱིར་ཚོང་དངོས་ཚན་མྱོང་རོལ་ཚོང་ཁང་བཙུགས་པ་བརྒྱུད་གཙང་གསུམ་གངས་ཀྱི་དྲྭ་ཕྱིའི་ཚོང་དེ་ཚད་ལྡན་ཚོང་ལམ་ཐོག་ཞུགས་པ་དང་།    དྲྭ་ཐོག་གི་ཕྱིར་ཚོང་ཡང་ཁྱབ་གདལ་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།    ན་ནིང་གཙང་གསུམ་གངས་ཀྱིས་མངའ་འོག་གི་ཐོན་རྫས་གཙོ་བོ་བཅུ་ལྷག་ཙམ་ཐེན་མའོ་དང་།    སུའུ་ཉིང་དབྱི་ཀོའུ།    ཅིང་ཏུང་།    ཚོང་ཁང་དང་པོ་སོགས་རྒྱལ་ནང་གི་དྲྭ་ཐོག་ཚོང་དོན་ལས་སྟེགས་གྲགས་ཅན་ཁག་ཏུ་ཕྱོགས་པ་དང་། དང་ཐོག་ཉིན་རེའི་ཕྱིར་ཚོང་རིན་ཐང་སྒོར་སྟོང་ཕྲག་འགའ་ལས་མེད་ནའང་རྣམ་པ་ཡུན་རིང་གནས་མེད།
གཞན་ཡང་བཙུགས་ནས་ལོ་ཁ་ཤས་ལས་ཕྱིན་མེད་པའི་མཚོ་སྔོན་ཆིན་མེ་སྐྱེ་དངོས་ཐོན་ཁུངས་ཞིབ་འཇུག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་རྒྱལ་ནང་གི་དྲྭ་ཐོག་ཚོང་ལས་ཁེ་ལས་གྲགས་ཅན་དང་མཉམ་ལས་རོགས་ཟླར་གྱུར་པར་བརྟེན་ནས་རང་གཏོད་ལས་སྟེགས་སུ“མཚོ་སྔོན་གྱི་འདྲེ་ཚེར་མ”ཕྱིར་ཚོང་བྱས་པས་དགའ་བསུ་ཆེན་པོ་ཐོབ་ཡོད།། 

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་ལོ་གཉིས་ཀྱི་ནང་གྲོང་སྡེ་ཚང་མར་གློག་འཁྲིད་རྒྱུ།
  • ལེ་ཚན་རྗེས་མ།:པེ་ཅིན་གྱི་སྨན་པས་ལྷ་སར་འོས་འགན་སྨན་བཅོས་བྱས།
  • དོ་སྣང་ཆེ་བའི་རྩོམ།