2016-06-03
ཉེ་སྔོན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་ཁུལ་དུ་མིག་སྔར་བསྡོམས་པས་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དྲུག་སྟོང་བདུན་བརྒྱ་སུམ་ཅུ་ཡོད་པ་དང་། དེའི་ནང་དྲུག་སྟོང་བཞི་བརྒྱ་གྱ་བདུན་ལས་ཀར་ཞུགས་ཡོད་ལ། ལས་ཀར་ཞུགས་ཚད་བརྒྱ་ཆའི་གོ་གནས་ལས་བརྒལ་ཡོད། དེའི་ནང་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱིས་སློབ་གྲྭ་ཆེན་མོ་བ་སྟོང་གཅིག་ཙམ་གྱི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་བརྒྱ་ཆའི་ཉེར་ལྔ་ཟིན་ཡོད།
ཡུལ་ཤུལ་ཁུལ་གྱིས་ལས་ཞུགས་དམིགས་བསལ་དུ་འཛིན་པ་དང་ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་སྤེལ། ཁེ་ལས་ཀྱི་གསར་བྱུང་ལས་ཞུགས་ལས་གནས་སུ་སློབ་གྲྭ་ཆེན་མོ་བ་བསྡུ་ལེན་བྱས་པ་དང་། ལོ་གཅིག་ཡན་གྱི་གན་རྒྱ་བཀོད་པ་མ་ཟད་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲད་དེ། མི་རེར་ལོ་བཞིའི་ཚུན་གྱི་སྤྱི་ཚོགས་འགན་བཅོལ་ཁ་གསབ་དང་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་བྱིན་ལ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་སྐྲུན་བྱ་དགའི་ཚད་གཞི་སྒོར་ཁྲི་རུ་ཇེ་མཐོར་བཏང་། དཀའ་ངལ་ཅན་གྱི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མར་རོགས་འདེགས་བྱས་ཏེ། ལས་འཚོལ་ཁ་གསབ་དེ་ལས་འཚོལ་ལས་སྐྲུན་ཁ་གསབ་ཏུ་བསྒྱུར་བ་དང་། ཁ་གསབ་སྟེར་ཡུལ་ཡང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་བསྐྱིས་པ་དང་། དབང་བོ་སྐྱོན་ཅན། མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཁྱིམ་ཚང་གི་ལོ་དེའི་མཐར་ཕྱིན་སློབ་མར་རྒྱ་བསྐྱེད་དེ། ཐེངས་གཅིག་ལ་ཁ་གསབ་སྟེར་ཚད་དེ་སྒོར་སྟོང་གཅིག་ལ་ཇེ་མཐོར་བཏང་། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དེང་རབས་ཞིང་ཕྱུགས་ལས་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་མ་བཏང་ནས། སྣེ་ཁྲིད་བྱས་ཏེ་ཞིང་ཕྱུགས་ལས་མཉམ་ལས་ཁང་གཉེར་མཁན་ལ་ལོ་གསུམ་ཚུན་གྱི་འཚོ་བའི་ཁ་གསབ་དང་སྤྱི་ཚོགས་འགན་བཅོལ་ཁ་གསབ་བྱིན།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ