ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ནས་འབྱོར་བའི་གཏམ་གསར། ཉེ་ཆར་སྤེལ་འགོ་ཚུགས་པའི2016ལོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་བོད་རུམ་འགྲེམས་སྟོན་ཚོགས་ཐོག རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར29ཡི་ཁེ་ལས279དང་། ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ22ཀྱི་ཁེ་ལས141འགྲེམས་སྟོན་ནང་གདན་ཞུས་བྱས་པ་དང་། ཉོ་སྒྲུབ་ཁེ་ལས27ཞུགས་པ་རེད།
འགྲེམས་ཁངAཡི་རྒྱལ་ནང་གི་ཁྱད་ཆོས་ལྡན་པའི་འགྲེམས་སྟོན་ཁུལ་དུ་མཚོ་སྔོན་དང་། པེ་ཅིན། ཐེན་ཅིན། ཏུན་ཏུང་། ཧོ་ནན། ཞིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར29ཡི་འགྲེམས་ཞུགས་ཁེ་ལས་ཡོད་པ་དང་། འགྲེམས་སྟོན་བྱས་པའི་ས་གདན་ནང་ལག་པས་འཐག་པའི་སྤུས་དག་གི་འགེལ་རུམ་དང་ས་གདན་ཡོད་པར་མ་ཟད། ད་དུང་འཕྲུལ་ཆས་ཀྱིས་འཐག་པའི་རིན་གོང་འཚམ་པའི་ས་གདན་དང་གདན་ཆུང་ཡང་ཡོད་པ་རེད། འགྲེམས་ཁངBཡི་རྒྱལ་སྤྱིའི་སྤུས་དག་ས་གདན་འགྲེམས་ཁུལ་དུ་དབྱི་རན་དང་། ཨ་ཧྥུ་ཀ་ནི་སི་ཐན། རྒྱ་གར། ནེ་པ་ལ། ཕ་ཁི་སི་ཐན། འཇར་མན། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་འགྲེམས་ཞུགས་ཚོང་པས་ས་གདན་འགྲེམས་སྟོན་དང་ཕན་ཚུན་རིན་གོང་སྒྲིག་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་བོད་རུམ་འགྲེམས་སྟོན་ཐོག་དབྱི་རན་དང་། ཨ་ཧྥུ་ཀ་ནི་སི་ཐན། རྒྱ་གར། ནེ་པ་ལ། ཕ་ཁི་སི་ཐན། འཇར་མན། ཐུར་ཁེ། འབྲུག་ཡུལ། ཨུ་ཟ་བྷེ་ཁི་སི་ཐན། ཨ་རི། ཁ་ན་ཏ། ཧོ་ལན། དབྱི་ཐ་ལི། དབྱིན་ཇི་སོགས་རྒྱལ་ཁབ22ཡི་ཚོང་པ་མཚོ་སྔོན་གྱི་འགྲེམས་སྟོན་དང་འགྲེམས་ཚོགས་ནང་ཞུགས་པ་དང་ཉོ་སྒྲུབ་བྱེད་པར་སླེབས་ཤིང་། རྒྱལ་ནང་གི་པེ་ཅིན་དང་། ཐེན་ཅན་། ཧྲན་ཏུང་། ཧོ་ནན། ཞིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར29ཡི་ཁེ་ལས100ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པ་དང་ཉོ་སྒྲུབ་ཁེ་ལས160ལྷག་ཙམ་གྱིས་ཉོ་སྒྲུབ་ནང་མིང་ཐོ་བཀོད་པ་