བོད་ལྗོངས་ཀྱིས་ཐོག་མར་ཁ་ཧྥེ་འདྲེན་འཛུགས་དང་ཚོད་འཛུགས་བྱས་ཏེ་འབྱུང་འགྱུར་ལ་བོད་ལྗོངས་རྟགས་ཅན་གྱི་ཁ་ཧྥེ་བསྐྲུན་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2016-06-13

    ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནསའབྱོར་བའི་གཏམ་གསར།བོད་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ཁ་ཧྥེ་ཚོད་འཛུགས་བྱེད་བཞིན་ཡོད་ལ་མིག་སྔར་མྱུ་གུ་སྐྱེ་ཚུལ་ཡག    འདི་ནི་བོད་ལྗོངས་ལོ་རྒྱུས་ཐོག་ཐོག་མར་ཁ་ཧྥེ་འདྲེན་འཛུགས་དང་ཚོད་འཛུགས་དངོས་སུ་བྱེད་པ་དེ་རེད།   ཚོད་འཛུགས་བྱས་ཏེ་ལེགས་འགྲུབ་བྱུས་རྗེས་རིམ་བཞིན་དུ་འདེབས་འཛུགས་བྱེད་འོས་པའི་ས་ཁུལ་གཞན་དག་ཏུ་ཁྱབ་གདལ་བཏང་ནས་བོད་ལྗོངས་རྟགས་ཅན་གྱི་ཁ་ཧྥེ་བསྐྲུན་པར་འཚོལ་ཞིབ་བྱ་རྒྱུ་རེད།
    རྫ་ཡུལ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོ་རྒྱུད་དུ་གནས་ཡོད་ཅིང་།   བོད་ལྗོངས་ཀྱི་གལ་ཆེ་བའི་མཐའ་མཚམས་རྫོང་ཞིག་རེད།    མཚོ་འཕགས་ཆ་སྙོམས་སྨི2300ཡིན་པས་དུས་བཞིར་དྲོ་མཉམ་ཞིང་ཆར་ཆུ་འབེལ་པ་དང་ཉི་འོད་ཕོག་ཡུན་རིང་ལ་སད་མི་བརྒྱབ་པའི་དུས་ཡུན་རིང་བ་བཅས་ཀྱི་དགེ་རྐྱེན་ལྡན་པས་དམིགས་བསལ་གྱི་གནམ་གཤིས་དང་ཁོར་ཡུག་གི་མཐུན་རྐྱེན་ལ་བརྟེན་ནས་བོད་ལྗོངས་ཀྱི་ཐོག་མར་ཁ་ཧྥེ་ཚོད་འཛུགས་བྱེད་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད།
    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་བོད་ལྗོངས་ཞིང་འབྲོག་ཐིང་གི་འཆར་འགོད་ལྟར།    རྫ་ཡུལ་རྫོང་རྫ་ཡུལ་གྲོང་རྡལ་ས་མ་གྲོང་སྡེ་ཡིས་ཡུན་ནན་གྱི་རིལ་བུ་ཆུང་ཆུང་གི་ཁ་ཧྥེའི་སོན་ཁེ500ནང་འདྲེན་བྱས་ཏེ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་ཧའེ་ནན་ཞིང་ཆེན།    ཡུན་ནན་ཞིང་ཆེན་སོགས་ས་གནས་ཀྱི་ཁ་ཧྥེ་འདེབས་འཛུགས་བྱེད་མཁན་ཆེད་རམས་པས་མགོ་ནས་མཇུག་བར་ཡུལ་འདི་གའི་ཞིང་དུད་ཀྱིས་ཁ་ཧྥེ་ཚོད་འཛུགས་བྱེད་པར་ཁྲིད་སྟོན་བྱས་ཏེ་ས་ཞིང་སྨི་གྲུ་བཞི་མ7ཐོག་ཚོད་འཛུགས་བྱས་ཡོད།     ད་ལྟར་ཚོད་འཛུགས་བྱས་པའི་ཕན་ནུས་བཟང་ཞིང་ཁ་ཧྥེའི་མྱུ་གུ་སྐྱེ་ཚུལ་དགའ་འོས་པ་ཞིག་རེད་ལ་འབྱུང་འགྱུར་དུ་ང་ཚོས་ཁ་ཧྥེ་འདེབས་འཛུགས་བྱེད་པ་ཁྱབ་གདལ་བཏང་བར་བརྒྱུད་རིམ་བཞིན་དུ་ཁ་ཧྥེ་དང་འབྲེལ་བ་ཡོད་པའི་ཆ་ཚང་བའི་ཐོན་ལས་འཁོར་འབྲེལ་ཆགས་པར་བྱས་ཏེ་བོད་ལྗོངས་ཀྱི་ཁ་ཧྥེ་དེ་སྐད་གྲགས་ལྡན་པའི་རྟགས་ཅན་ཞིག་ཏུ་བསྐྲུན་གང་ཐུབ་བྱ་རྒྱུ་ཡིན་ཞེས་ཟེར།།

  • ལེ་ཚན་སྔོན་མ།:ཁྱུང་མཆུ་རྫོང་ལ་སི་ཁྲོན་ཞིང་ཆེན་གྱི་གྲོང་མིའི་རང་སྐྱོང་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་གནང་།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི2016ལོའི་བོད་རུམ་འགྲེམས་སྟོན་ཐོག་རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་པ་མང་པོ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།