གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དངོས་སུ་བཙུགས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-06-08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བདུན་ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པར་མ་ཟད། དེ་འབྲེལ་གྱི་བྱ་བའི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སྟ་གོན་ཚན་ཆུང་གི་ཚན་གཙོ་མཱ་ཧྲོན་ཆིན་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཀའོ་ཧྭ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

ལོ་ཧོས་ཉིན་གྱིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྒོ་བྱང་དངོས་སུ་བཀལ་བ་དེས། རྣམ་པ་གསར་བའི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་གྱི་ལམ་ལུགས་ཤིག་གྲུབ་པ་མངོན་པར་མཚོན། མཚོ་སྔོན་གྱི་འབྲེལ་ཡོད་ཕྱོགས་ཁག་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་འབད་པ་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བཟོས་པའི་བཅོས་སྒྱུར་ཚོད་ལྟའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་དོ་དམ་ལས་ཁུངས་བཙུགས་པ་དེས། ཚོད་ལྟའི་བྱ་བ་ཡར་ལྡན་དུ་སྤེལ་བའི་ཐད་རྩ་འཛུགས་ཀྱི་འགན་སྲུང་ཡོད་པར་གྱུར་ལ། ཚོད་ལྟའི་བྱ་བ་མིག་མཐོང་ལག་ཟིན་གྱི་ཕྱོགས་སུ་འ་ཕེལ་རྒྱས་བྱུང་བ་མངོན་པར་མཚོན་ཡོད། རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

མཱ་ཧྲོན་ཆིན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཙུགས་པ་དང་དེ་འབྲེལ་གྱི་བྱ་བར་སྐུལ་སློང་གཏམ་བཤད་སྤེལ། ཁོས་བསྟན་དོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བར་འཕེལ་ཚད་མགྱོགས་ལ་དངོས་འབེབས་དོན་དང་ལྡན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱི་ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་བསམ་པའི་འདུ་ཤེས། ཀྲུང་དབྱང་ལ་ཁ་མིག་ཡར་བལྟ་བྱེད་པའི་འདུ་ཤེས་བཅས་མངོན་པར་མཚོན་ཡོད་པར་མ་ཟད། ད་དུང་འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པའི་བླ་མེད་སྤྱོད་བཟང་དེའང་མཚོན་ཐུབ་ཡོད་ཟེར།

མཱ་ཧྲོན་ཆིན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་བཅོས་སྒྱུར་བྱ་བ་ནི་ཏང་གི་མགོ་ཁྲིད་དང་སྣེ་སྟོན་འོག་གི་སྐྱེ་ཁམས་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ནི་ཐབས་ཇུས་གལ་ཆེན་འདི་ཐོག་དང་པོར་ལག་ལེན་ལ་བསྟར་མཁན་ཡིན་པས། སྐྱེ་ཁམས་ཐབས་ཇུས་ཀྱིས་མཚོ་སྔོན་གྱི་མི་ཚང་མར་ཕན་བདེ་སྐྲུན་ཐུབ་པའི་ཞོར་ནས། སྐྱེ་ཁམས་ཐབས་ཇུས་གལ་ཆེན་འདི་མངོན་དུ་འགྱུར་བར་མཚོ་སྔོན་གྱི་མི་རེ་རེ་ལ་འགན་འཁྲི་ཡོད་ཅེས་བསྟན།

གྲོས་ཚོགས་མ་བསྡུས་པའི་སྔོན་ལ། མཱ་ཧྲོན་ཆིན་དང་ཀའོ་ཧྭ་གཉིས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྒོ་བྱང་དངོས་སུ་བཀལ། ཚོགས་ཐོག་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྔ་ཕྱིར་འབྲི་ཆུའི་མགོ་ཁུངས་དང་རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་ཀྱི་ར་བའི་དོ་དམ་ཨུ་ཡོན་ལྷན་ཁང་དང་། འབྲི་སྟོད་དང་ཆུ་དམར་ལེབ། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བཅས་ལ། ལོ་གཅིག་རིང་གི་དམིགས་འབེན་འགན་ཁུར་ཡི་གེ་བཀོད།  །

  • ལེ་ཚན་སྔོན་མ།:ཞིང་ལས་པུའུ་སོགས་སྡེ་ཚན་དགུ་ཡིས《ས་ཁུལ་དབུལ་པོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྐྱོར་གནད་སྨིན་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར》མཉམ་འབྲེལ་ཐོག་པར་འགྲེམས་བྱས།
  • ལེ་ཚན་རྗེས་མ།:ཁྱུང་མཆུ་རྫོང་ལ་སི་ཁྲོན་ཞིང་ཆེན་གྱི་གྲོང་མིའི་རང་སྐྱོང་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་གནང་།
  • དོ་སྣང་ཆེ་བའི་རྩོམ།