མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་སྐད་ཡིག་བྱ་བའི་གྲོས་ཚོགས་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-05-31

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་སྐད་ཡིག་བྱ་བའི་གྲོས་ཚོགས་བསྡུས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་སྐད་ཡིག་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས25ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་ཁུལ་ཡོངས་ཀྱི་བོད་སྐད་ཡིག་བྱ་བའི་གྲོས་ཚོགས་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་དང་། གུང་ཧོ་རྫོང་དང་ཁྲི་ཀ་རྫོང་། ཞིན་ཧེ་རྫོང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་བཅས་རྫོང་ལྔའི་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་འགོ་གཙོ་རྣམས། དེ་མིན་ཁུལ་ཡོངས་ཀྱི་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་པ་ཡོངས་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ། རྫོང་སོ་སོའི་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས2015ལོའི་བྱ་བའི་དམིགས་ཚད་འགན་འཁྲི་ལེགས་འགྲུབ་གནས་ཚུལ་དང་། 2016ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་ཐད་ཞིབ་ཕྲའི་སྙན་ཞུ་ཕུལ་བ་མ་ཟད། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་དང་རྫོང་སོ་སོའི་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་བར2016ལོའི་དམིགས་ཚད་འགན་འཁྲིའི་ཡི་གེ་བཀོད་པ་དང་། གཟེངས་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་གནང་།

2015ལོའི་མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བྱ་བ་དེ་རིམ་པ་སོ་སོའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་བདེ་བླག་ངང་སྤེལ་ཞིང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ལག་བསྟར་བྱེད་མགོ་རྩོམ་པར་རྨང་གཞི་ལེགས་པོ་བཏིངས། 2015ལོའི་ལོ་མགོར་བཀོད་པའི་ཁུལ་ཡོངས་ཀྱི་བོད་སྐད་ཡིག་མ་ལག་གི་བྱ་བ་གཙོ་བོའི་དམིགས་ཚད་འགན་འཁྲི་ལྟར། ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་དུས་ཚོད་དང་མི་སྣ་གཉི་གའི་སྣོན་ཤུགས་ཁྱད་དུ་བསལ་ཏེ་མི་སྣ་རྩ་འཛུགས་སྒོས་རྫོང་སོ་སོའི2015ལོའི་བོད་སྐད་ཡིག་བྱ་བའི་དམིགས་ཚད་འགན་འཁྲི་ལེགས་འགྲུབ་གནས་ཚུལ་ལ་ལྟ་བཤེར་དུ་སོང་བ་དང་། ཡུལ་དངོས་ལྟ་བཤེར་དང་གླེང་མོལ་སྙན་ཞུ། ཡིག་ཆ་ལྟ་ཀློག་སོགས་ཀྱི་རྣམ་པ་བརྒྱུད་དེ་རྫོང་ལྔའི་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བ་དང་ལོ་ཙཱའི་གསོ་སྦྱོང་བྱ་བ། བོད་ཡིག་ཡིག་ཚགས་འཚོལ་བཤེར་བྱ་བ། དེ་མིན་རང་སྟེང་འཛུགས་སྐྲུན་བྱ་བ་སོགས་ཕྱོགས་བཞིའི་ཐད་ཀྱི་ནང་དོན་བཅོ་ལྔ་ལ་རིམ་པ་བཞིན་ཞིབ་བཤེར་དང་དཔྱད་འདེམ་གནང་། དེ་ལས་བྱ་བའི་གྲུབ་འབྲས་ཅུང་གཟེངས་སུ་ཐོན་པ་ནི་གུང་ཧོ་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་ཡིན་ཏེ། སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་དག་ཐེར་ཁྲོད། རང་འགུལ་གྱིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས། ཆབ་ཆ་གྲོང་རྡལ་གྱི་ཁོངས་གཏོགས་སུ་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བའི་ས་ཁོངས་ཅན་གྱི་དོ་དམ་ལ་སྐུལ་འདེད་དང་། ཁང་བའི་མཛེས་བཟོ་སྒྲིག་བཟོ་ཁང་དང་འབྲེལ་གཏུག་ལ་ཤུགས་བསྣན་པ། ལོ་ཙཱ་བྱས་པའི་ཁྲོམ་རའི་ཡིག་བཀོལ་སོ་སོར་དྲ་ལམ་ནས་རྗེས་འདེད་ཞིབ་བཤེར་བྱས་ཏེ། འགྱུར་ཡིག་དེ་སྒྲིག་བཟོ་བྱེད་པའི་གོ་རིམ་ཁྲོད་ཀྱི་ནོར་འཛོལ་ཡོ་བསྲང་བྱས། དེ་མིན་རྫོང་འདིས་ལོ་ངོ་དུ་མར་རྩོམ་སྒྲིག་བྱས་པའི«སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ»གྱི་ལེགས་སྒྲིག་དང་ཞིབ་བསྡུར། གཏན་འབེབ་བྱ་བ་ལེགས་འགྲུབ་བྱུང་བ་མ་ཟད་དཔར་བསྐྲུན་བྱས།

གྲོས་ཚོགས་སུ། མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་དང་གྲོས་མོལ་བྱས་པ་དང་། གཙོ་བོར་ཕྱོགས་བཞི་ནས་གསལ་བཤད་བྱས་པ་སྟེ། དང་པོ། བོད་སྐད་ཡིག་བྱ་བའི་ལས་ཁུངས་ཀྱི་སྒྲིག་ཁུངས་ཉུང་བ་དང་དཔུང་ཁག་གཏན་འཇགས་མིན་པས། བྱ་བའི་ཕྱོགས་སོ་སོ་སྤེལ་བར་འགལ་རྐྱེན་ཐེབས། གཉིས་པ། སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་དག་ཐེར་གྱི་བྱ་བའི་ཁྲོད“དཀའ་གནད་མཐའ་སེལ”བྱེད་པའི་སྙིང་སྟོབས་ཆུང་བ་དང་། «མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག»གི་དྲིལ་སྒྲོག་ནུས་པ་མི་འདང་བ། སྒོས་སུ་ཞབས་ཞུ་ལས་རིགས་སུ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ལ་མཐོང་ཆེན་བྱེད་པའི་ཚད་དམའ་བ། ལག་བསྟར་སྟེང་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་མཐོ་སར་འཕར་མི་ཐུབ་པ། གསུམ་པ། ཡུལ་ཚོ་དང་གྲོང་རྡལ་ལས་ཁུངས་ཀྱི་གཞུང་ཞབས་པའི་ཁྲོད་བོད་རྒྱ་སྐད་གཉིས་ཀྱི་དྲུང་ཡིག་མི་སྣ་ཉུང་ཞིང་། སྡེ་བ་དང་སྡོད་ཁུལ་རིམ་པར་བཀྲམ་པའི་ཡིག་ཆ་མང་ཆེ་ཤོས་ཤིག་དུས་ལྟར་བོད་ཡིག་ཏུ་ལོ་ཙཱ་བྱེད་མི་ཐུབ་པ་དང་། རོང་འབྲོག་མང་ཚོགས་ཀྱིས་འབྲེལ་ཡོད་དམངས་ཕན་སྲིད་ཇུས་ལ་ཡང་དག་སྒོས་གོ་བ་ལེན་དཀའ་བ། ཏང་གི་དམངས་ཕན་སྲིད་ཇུས་དེ་ཕྱེད་ཙམ་ལས་གོ་བ་ལེན་དཀའ་བའི་གནས་སུ་ལྷུང་བ། བཞི་བ། བོད་སྐད་ཡིག་གི་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལྟ་སྐུལ་དོ་དམ་དེ་མཉམ་ཤུགས་སུ་གྲུབ་མི་ནུས་པས་ལྟ་སྐུལ་ལ་དཀའ་ཁག་ཆེ་བ་བཅས་རེད། །

 
  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོར་ཁ་གསབ་ རོགས་དངུལ་སྒོར་དུང་ཕྱུར1345སྤྲད།
  • ལེ་ཚན་རྗེས་མ།:ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཆམ་མཐུན་དགོན་པ་འཛུགས་སྐྲུན་བྱེད་འགོ་བརྩམས་པ། 
  • དོ་སྣང་ཆེ་བའི་རྩོམ།