སྲོལ་རྒྱུན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ལ་བརྟེན་ནས་མིའོ་རིགས་གྲོང་སྡེས་འཚོ་བ་གསར་པ་བསྐྲུན།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2016-05-22

སྲོལ་རྒྱུན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ལ་བརྟེན་ནས་མིའོ་རིགས་གྲོང་སྡེས་འཚོ་བ་གསར་པ་བསྐྲུན།

 
    ཐོག་ལྷ་རི་བོའི་གསེབ་ཏུ་ཆགས་པའི་ཀུའེ་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་ཐ་ཧྲི་ཡུལ་ཚོའི་ཝུའུ་ཅེ་མིའོ་རིགས་གྲོང་སྡེ་ནི་ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་འབྱུང་ཡུལ་ཡིན་ཞིང་།ཀུའེ་ཀྲོའུ་ལྷོ་ནུབ་ཁུལ་མིའོ་རིགས་ཀྱི་ལ་ཚོས་རྒྱག་ཐབས་དང་འཚེབ་དྲུབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་དཔེ་སྟོན་རྟེན་གཞི་ཡིན་པ་རེད།དེའི་མིའོ་རིགས་ཀྱི་འཚེམ་དྲུབ་དང་ལ་ཚོས་རྒྱག་ཐབས།མིའོ་རིགས་ཀྱི་བྱ་བརྒྱ་གོས་སོགས་ཀྱི་དམངས་ཁྲོད་ལག་རྩལ་དེ་དག་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་དེབ་ནང་ཚུད་ཡོད།ཉེ་བའི་ལོ་ཤས་རིང་ལ།ས་གནས་དེ་གས་མིའོ་རིགས་ཀྱི་འཚེམ་དྲུབ་དང་ལ་ཚོས་རྒྱག་ཐབས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་སྔོག་སྤེལ་ཧུར་ཐག་བྱས་ཤིང་།མཉམ་ལས་ཁང་དང་ཞིང་དུད་ཟུང་སྦྲེལ་བྱས་པའི་ཐབས་ལམ་བརྒྱུད་དེ་ཡུལ་མི་ཐམས་ཅད་ཀྱིས་མིའོ་རིགས་ཀྱི་འཚེམ་དྲུབ་སོགས་སྲོལ་རྒྱུན་གྱི་ལག་རྩལ་བཟོ་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ལས་ཀའི་ཁྲོད་དུ་ཞུགས་པར་སྣེ་ཁྲིད་བྱས་ཏེ།གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་བྱ་རྒྱུ་དེ་ཁྲོམ་རའི་དཔལ་འབྱོར་དང་ཟུང་འབྲེལ་བྱས་པ་རེད།2015ལོར་ཝུའུ་ཅེ་མིའོ་རིགས་གྲོང་སྡེའི་ཞིང་དུད80ལྷག་གིས་སྲོལ་རྒྱུན་ལག་རྩལ་བཟོ་རྫས་བཟོས་ནས་བཙོང་པའི་ཡོང་འབབ་སྒོར་ཁྲི100ལ་ཉེ་བ་རག་པ་དང་།སྲོལ་རྒྱུན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ནི་ས་གནས་དེ་གའི་མིའོ་རིགས་མང་ཚོགས་ཀྱིས་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་བ་རེད།
  • ལེ་ཚན་སྔོན་མ།:ཕན་ཅེ་ཝུན་གྱིས་འཛམ་གླིང་འདི་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་དུ་གྲུབ་ཡོད་པར་ཤེས་རྒྱུ་ནི་རང་གཞན་འཕེལ་རྒྱས་གཏོང་ཐབས་ཡག་ཤོས་དེ་ཡིན་ཞེས་གསུངས།
  • ལེ་ཚན་རྗེས་མ།:པར་རིས་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།