བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར50ལྷག་བཏང་ནས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད།

གངས་སྐྱིད་ཀྱིས་བསྒྱུར།        2016-05-15

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར།བོད་ལྗོངས་བདེ་སྡོད་ལས་གྲྭ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།2010ལོར་ཞིང་སྡེའི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གྲྭ་ལག་བསྟར་བྱས་རྗེས།བོད་ལྗོངས་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར56.98བཏང་སྟེ་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད།བོད་ལྗོངས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།2010ལོ་ནས་བཟུང་བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ500ལ་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ཚོད་ལྟ་ལས་དོན་སྤེལ་བར་ མ་ཟད།《2011ལོ་ནས2015ལོའི་བར་གྱི་ཞིང་སྡེའི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལག་བསྟར་ཇུས་གཞི》བཟོས་ནས།སྲིད་འཛིན་གྲོང་ཚོ4898ལག་བསྟར་བྱ་རྒྱུའི་ཁྱབ་ཁོངས་ནང་བཅུག་པ་རེད།2015ལོའི་ལོ་མཇུག་བར་བོད་ལྗོངས་སུ་སྲིད་འཛིན་གྲོང་ཚོ(གྲོང་མི་ཨུ་ལྷན)ཡི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྩ་བའི་ཆ་ནས་ཡོངས་ཁྱབ་བྱུང་བ་རེད།ངོ་སྤྲོད་བྱས་པར་གཞིགས་ན།ཀྲུང་དབྱང་གིས་རིག་གནས་འཕེལ་རྒྱས་དང་ཆུ་དང་ཆབ་ཁང་བཅོས་བསྒྱུར།གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན།གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་བཏང་པའི་ཆེད་དོན་མ་དངུལ་དང་རང་སྐྱོང་ལྗོངས་ཀྱི་སྒྲིག་སྦྱོར་མ་དངུལ་ཕྱོགས་བསྡུས་ལེགས་སྒྲིག་བྱས་པའི་རྨང་གཞིའི་ཐོག་བོད་ལྗོངས་སུ་ཞིང་པའི་དཔེ་དེབ་ཁང་དང་།ཕྱོགས་བསྡུས་རིག་གནས་ལུས་རྩལ་སྒྲིག་བཀོད།གྲོང་ཚོ་རིམ་པའི་རླུང་འཕྲིན་རིག་གནས་ཐོན་ཁུངས་ཀྱི་ཆ་འཕྲིན་མཉམ་སྤྱོད།སྐོར་སྐྱོད་གློག་བརྙན་ཞབས་ཞུ།གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ།ཉི་ནུས་ཀྱི་སྤྱི་སྤྱོད་གློག་སྒྲོན།གྲོང་ཚོའི་འགྲོ་ལམ་འཛུགས་སྐྲུན།ཞིང་སྡེའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིགགྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད།གྲོང་ཚོ་ལྗང་འགྱུར་དང་མཛེས་འགྱུར་གྱི་ལས་གྲྭ་སོགས་ནང་དོན་ཁག་བཅུ་གཙོ་གནད་ཐོག་ལག་བསྟར་བྱས་པ་རེད།།
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:ཞི་བདེ་ཉི་མའི་གློག་བརྙན《ཚེ་གཟུངས་ལྷ་མོ》ཀྲུང་དབྱང་མི་རིགས་སློབ་གྲྭར་གཟིགས་འབུལ་བྱས།
  • དོ་སྣང་ཆེ་བའི་རྩོམ།