ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-05-13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། འཛད་སྤྱོད་དངོས་རྫས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཐོན་རྫས་གྲགས་ཅན་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་མང་པོ་སྔར་ལས་སྐོང་བར་བྱེད་དགོས་པར་བཀོད་སྒྲིག་བྱས་པ་དང་། དངུལ་གཏོང་ལས་གཞི་ཡར་ཞུའི་ཆོག་མཆན་ཞིབ་བཤེར་འགྲོ་ལུགས་སྔར་ལས་ཇེ་ཉུང་དུ་བཏང་སྟེ། དངུལ་གཏོང་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་རྒྱུའི་ཐག་བཅད་པར་མ་ཟད། འབྲི་ཆུ་ཟུར་གསུམ་གླིང་གྲོང་ཁྱེར་ཚོགས་འཕེལ་རྒྱས་འཆར་འགོད་ལ་གྲོས་འཆམ་བྱུང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་དཔལ་འབྱོར་འཕར་སྣོན་བྱེད་ས་སྐྱེད་སྲིང་བྱེད་དགོས་པ་བསྟན།  །
  • ལེ་ཚན་སྔོན་མ།:རྒྱལ་ལམ318ལས་ཐེན་ཆོན་མཚམས་ཀྱི་འགྲིམ་འགྲུལ་བཀག་སྡོམ་སྒྲོལ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར50ལྷག་བཏང་ནས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད།
  • དོ་སྣང་ཆེ་བའི་རྩོམ།